| | e-texts navigator
|
10a1 ཆུ་ལ་ཡོངསུ་བཟླས་ཏེ་གདོང་བཀྲུ་བར་བྱའོ།།ཡུལ་གཞན་གྱི་རྒྱལ་བའི་འཚོ་བ་ལ་ཡུལ་འཁོར་དུ་བུམ་པ་གང་བ་ཡང་དག་པར་བཞག་ནས་གཙང་མས
10a2 གོས་གཙང་མ་གྱོན་ཏེ་མཆོད་པ་ཆེན་པོ་བྱས་ཤིང་བཀླགས་ན་ཞི་བ་ཆེན་པོར་འགྱུར།།དེ་ཡི་ཆུས་ཀྱང་གཏོར་བར་བྱས་ནས་སེམས་ཅན་ཐམས་ཅད་སྲུང་བ་ཡིན་ནོ།།ཉེ་བར
10a3 ཆེ་བ་ཐམས་ཅད་དང་།ཡམས་རྣམས་ཞི་བ་ཡིན་ནོ།།ཕྱག་རྒྱ་ཙན་དན་གྱི་ཐིག་ལཱི་ལ་ལན་ཉི་ཤུ་རྩ་གཅིག་གི་བར་དུ་ཡོངསུ་བཟླས་ན་མཚམས་མེད་པ་ཐམས་ཅད་ཟད་པར་བྱེད་དོ།།
10a4 རྟག་ཏུ་བཟླས་ན་ཁྱིམ་སྲུང་བའོ།།པདྨའི་སྦྱིན་སྲེག་གིས་སེམས་ཅན་ཐམས་ཅད་ཀྱི་སྲུང་བའོ།།ཙན་དན་གྱི་སྦྱིན་སྲེག་གིས་བཟའ་དང་།འབྱུང་པོ་དང་།རྒྱུ་སྐར་ཐམས་ཅད་ལས
10a5 སྲུང་བའོ།།རྒྱལ་བ་དང་།རྣམ་པར་རྒྱལ་བ་དང་།གཞན་གྱིས་མི་ཐུབ་པ་དང་།ན་གུཾ་ལི་དང་།དྲིའི་ན་གུ་ལི་དང་།དྷཱ་ར་ནཱི་དང་།མི་འཇིགས་པའི་ལག་པ་དང་།དབང་པོའི་ལག
10a6 པ་དང་།དྲིའི་པྲི་ཡང་ཀུ་དང་།ཏ་ཀ་ར་དང་།འཁོར་ལོ་དང་།འཁོར་ལོ་ཆེན་པོ་དང་།རྣམ་པར་གནོན་པ་དང་།སོ་མ་རཱ་ཛི་དང་།སུ་ནད་དྲ་ཞེས་བྱ་བ་སྟེ།དེ་དག་གང་ཡང་རུང
10a7 བ་ལ་བརྒྱ་རྩེ་བརྒྱད་ཀྱི་བར་དུ་ཡོངསུ་བཟླས་ནས་ནོར་བུ་ལྟ་བུར་བྱས་ནས་མགོ་བོ་དང་།དཔུང་པ་ལ་བཅིང་བར་བྱའོ།།བྱིས་པ་རྣམས་ཀྱི་ནི་མགུལ་དུའོ།།བུད་མེད་རྣམས
iiif viewer powered by OpenSeadragon
9b - 10b