| | e-texts navigator
|
465b1 དུའོང་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་།སྒྱུ་མ་དང་།འཇའ་ཚན་དང་།སྲོག་རྒྱ་དང་།ཆུ་ཟླ་དང་།གཟུགས་བརྙན་ལྟ་བུར་མཐོང་ངོ་།།དེའི་ཨཱཏྨ
465b2 ལ་ལས་བྱུང་བའི་སྒྲོལ་མ་དྲིལ་བུ་མ་སྐུ་མདོག་ལྗང་ཀུ་མ།ཕྱག་གཉིས་ན་དྲིལ་བུ་འཛིན་པ་གྲོས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་།སྙན་ཆ་དང་།དཔུང་རྒྱན་དང་།རྒྱན་རྣམ་པ་སྣ་ཚོགས
465b3 བྲས་བརྒྱན་པ།གཞོན་ལང་ཚུལ་བབ་པ།།ཁྲོས་པའི་ཞལ་དང་བཅས་པ།ཞབས་བརྐྱང་བསྐུམ་དུ་ཟླ་བ་དང་པདྨའི་སྟེང་དུ་བཞུགས་པའོ།།འཇམ་པ་ལ་དེ་ལྟར་ལྷའི་འཁོར་ལོ་ཇི་སྙམ
465b4 བར་བྱའོ།།འཇམ་དཔལ་གྱི་གསོལ་པ།བཅོམ་ལྡན་འདས་སྤྲུལ་པ་ལ་སོགས་པ་རྣམས་ནི་ཇི་ལྟ་བུ།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།འཇམ་དཔལ་འགྲོ་བ་དྲུག་པ་རྣམས
465b5 ཉོན་མོངས་པ་དང་བཅས་པའི་ཁམ་སོ།།དེ་ལྟ་བས་ན་སྤྲུལ་པ་ལྟ་བུ་དང་།སྒྱུ་མ་དང་།འཇའ་ཚོན་དང་།སྨིག་རྒྱུ་དང་།ཆུ་ཟླ་དང་།གཟུགས་བརྙན་ལྟ་བུར་རིག་པར་བྱའོ།།ལྷའི
465b6 ལེའུ་སྟེ་བཞི་པའོ།།།དེ་ནས་འཇམ་དཔལ་གྱིས་ཞུས་པ།བཅོམ་ལྡན་འདས་ལྷ་དེས་ལྷས་ཇི་ལྟ་བུས་བྱིན་གྱིས་བརླབས་པར་བྱ།བཅོམ་ལྡན་འདས་ཀྱིས་བཀའ
465b7 སྩལ་སྟེ།འཇམ་དཔལ་སྤྲུལ་པ་ལྟ་བུ་དང་།སྦྲུམ་ལྔ་བུ་དང་།འཇའ་ཚོན་ལྟ་བུ་དང་།སྡིག་ཏུ་ལྟ་བུ་དང་།ཆུ་ལྟ་བུ་དང་།གཟུགས་བརྙན་ལྟོ་ཐུས།།འཇམ་དཔལ་གྱིས་ག
iiif viewer powered by OpenSeadragon
465a - 466a