| | e-texts navigator
|
465a1 དང་ང་སྒྱུ་མཱ་དང་།འཇའ་ཚོན་དང་།སྨིག་རྒྱུ་དང་།ཆུ་ཟླ་དང་།གཟུགས་བརྙན་ལྟ་བུར་མཐོང་ངོ་།།དེའི་ཨུཏྤ་ལ་ལས་བྱུང་བའི་སྒྲོལ་མ་ཞགས་པ་མ་སྐུ་མདོག།
465a2 སེར་པོ་ཕྱག་གཉིས་ཞགས་པ་འཛིན་པ།ཁྲོས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་།སྙན་ཆ་དང་།དཔུང་རྒྱན་དང་།རྒྱན་རྣམ་པ་སྣ་ཚོགས་པས་རྒྱན་པ།གཞོནུ་ལང་ཚོལ་བབ
465a3 པ་ཅུང་ཞིག་ཁྲོས་པའི་ཞལ་དང་བཅས་པ་ཞབས་བརྐྱང་བསྐུམ་དུ་ཟླ་བ་དང་པདྨའི་སྟེང་ན་བཞུགས་པའོ།།ནུབ་ཀྱི་སྒོར་ཟླ་བ་དང་པདྨའི་སྟེང་དུ་ཏུ་ལས་སྐྱེས་པའི་ཨུད་པ་ལ་སྭ
465a4 བོན་དང་བཅས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་།སྒྱུ་མ་དང་།།འཇའ་ཚོན་དང་།སྨིག
465a5 རྒྱུརྒྱ་དང་།།ཆུ་ཟླ་དང་།གཟུགས་བརྙན་ལྟ་བུར་མཐོང་ངོ་།།དེའི་ཨུཏྤ་ལི་ལས་བྱུང་བའི་སྦྲེལ་མ་ལྕགས་སྒྲོག་མ་སྐུ་མདོག་དམར་མོ་ཕྱག་གཉིས་ལྕགས་སྒྲོག་འཛིན་པ།ཁྲེས་པའི
465a6 སྐུ་རིན་པོ་ཆེའི་དོ་ཤལ་དང་།སྙན་ཆ་དང་།དཔུང་བརྒྱན་དང་།རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ།གཞོན་ནུ་ལང་ཚོ་ལ་བབ་པོ།།ཁྲོས་པའི་ཞལ་དང་བཅས་པ།ཞབས
465a7 བརྐྱང་བསྐུམ་དུ་ཟླ་བ་དང་པདྨའི་སྟེང་ན་བཞུགས་པའོ།།བྱང་གི་སྒོར་ཟླ་བ་དང་།པདྨའི་སྟེང་དུ་རེ་ལས་བྱུང་བའི་ཨུད་པ་ལ་ས་བོན་དང་བཅིས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད
iiif viewer powered by OpenSeadragon
464b - 465b