| | e-texts navigator
|
462b1 སྒྲོལ་མ་མཐོང་བར་འགྱུར།།འདི་འཛིན་པའི་གང་ཟག་དེ་ནི་ཡིད་ལ་ཅི་བསམ་པ་ཐམས་ཅད་འགྲུབ་པར་འགྱུར།།གཟུགས་ཕུན་སུམ་ཚོགས་པ་དང་།ཁ་དོག་ཕུན་སུམ་ཚོགས་པ་ལ་སྩོགས།
462b2 པ་ཐམས་ཅད་འཐོབ་པར་འགྱུརརོ།།རྨི་ལམ་ངན་པ་དང་།སྡང་བ་དང་།མི་མ་ཡིན་པའི་བར་དུ་གཅོད་པ་ཐམས་ཅད་ཞི་བར་འགྱུར་རོ།།དུས་གསུམ་གྱི་བདེན་པ་ཡང་མཐོང་བར་འགྱུར།།
462b3 ཡུམ་སྒྲོལ་མའི་སྐུ་དངོ་སུ་མཐོང་བར་འགྱུར།།ན་མཿསརྦ་ཏེ་ཐཱ་ག་ཏ་ས་མྱཀྶཾ་བུད་དྷཱ་ཡ་ཏྲེ་ཡ་ཏཻ་ཏྲ་ཡ་ཏེ་ཏྲ་ར་ཏེ་ཏུཏྟཱ་ར་ཞེས་བརྗོད་པར་བྱའོ།།བསྟོད་པའི་ལེའུ་སྟེ་གསུམ་པའོ།།
462b4 དྲི་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞན་ནུས་བཅོམ་ལྡན་འདས་ལ་གསོལ་པ།གཟུངས་སྔགས་འདི་གང་ལ་བརྟེན་ནས་ཡིད་ལ་ནན་ཏན་དུ་བྱ་ཞེས་སྨྲས་པ་དང་།བཅྡོཾས
462b5 ཀྱིས་བཀའ་སྩལ་པ།སྡུག་བསྔལ་ལས་གྲོལ་བར་འདོད་ཅིང་ཟབ་ཆེའི་ཛིན་ལ་ཐོས་པས་ནན་ཏན་དུ་བྱའོ།།དེ་ནས་ཏ་མ་ལས་བྱུང་བའི་འོད་ཟེར་ལས་སྟེང་འོག་ཐམམི་ཅད་དུ་རྡོ་རྗེར་བྱེ
462b6 འཇམ་དཔལ་སྔགས་འདི་བརྗོད་པར་བྱའོ།།ོཾ་བཛྲ་ཛྭ་ལ་བརྡྷ་ཏན་ཧཱུཾ་ཕཊ་ཅེས་བརྗོད་པར་བྱའོ།།དེ་ནས་ཏཾ་ལས་བྱུང་བའི་ཡི་གེ་ཨ་དཀར་པོ་བསྒོམ་པར་བྱའོ།།དེའི་སྟེང་ན་པོ་སྔོན
462b7 པོ་བསྒོམ་པར་བྱའོ།།དེའི་སྟེང་དུ་ལོ་སེར་པོ་བསྒོམ་པར་བྱའོ།།དེའི་སྟེང་དུ་ཡཾ་ལྡེང་ཁུ་བསྒོམ་པར་བྱའོ།།དེའི་སྟེང་དུ་རཾ་དམར་པོ་བསྒོམ་པར་བྱའོ།།དེ་རྣམས་ཀྱིས་འོད་ཟེར
iiif viewer powered by OpenSeadragon
462a - 463a