e-texts navigator
Collection
Volume
Page
Wylie

462a1 ཀར་ཡ།བུད་དྷན་ཙི།དྷམ་ཎིཊྚ།ས~ཾ་གྷཱ་ནི་སཱ་ར་ཡོ་སྭཱ་ཧཱ།།འཇམ་དཔལ་གཟུངས་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིང
462a2 དུས་གསུམ་གྱིས་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་སྒྲོལ་མ་ལ་མ་རུངས་པ་འཇོམས་པའི་སྒོ་ནས་བསྟོད་པ་སྟེ།ཕན་ཡོ་ནི་བསམ་གྱིས་མི་ཁྱའོ།།འཇམ་དཔལ་དེའི་ཕྱིར
462a3 བརྗོད་པར་བྱའོ།།གཟུངས་འདི་བརྗོད་པའི་གང་ཟག་ནི་སེམས་ཅན་དམྱལ་བ་དང་།ཡི་དགས་དང་།དུད་འགྲོ་ལ་སོགས་པའི་གནསུ་ནམ་ཡང་སྐྱེ་བར་མི་འགྱུར།ཡུལ་མཐའ་འོ་ཁོབ
462a4 དང་།ཀླ་ཀློ་དང་།དབང་པོ་མ་ཚང་བ་ལ་སོགས་པར་ནམ་ཡང་སྐྱེ་བོར་མི་འགྱུརརོ།།རིམས་དང་འབྲུམ་བུ་དང་།ནད་དྲག་པོ་ལ་སོགས་པའི་ནད་ཀྱིས་འཇིགས་པ་ཐམས་ཅད་ལས
462a5 གྲོལ་ཞིང་ནད་ཀྱིས་འཇིགས་པ་མི་འབྱུང་ངོ་།།འཇིགས་པ་ཆེན་པོ་བརྒྱད་ལ་སོགས་པ་ལས་གྲོལ་བར་འགྱུརརོ།།འཇམ་དཔལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པ
462a6 འདི་འཛིན་པའི་གང་ཟག་དེ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུར་རོ།།འདི་འཛིན་པའི་གང་ཟག་དེ་ནི་མཚམས་མེད་པ་ལ་སོགས་པའི་སྡིག་པ་མ
462a7 ལུས་པ་བྱང་བར་འགྱུརརོ།།སངས་རྒྱས་ཐམས་ཅད་མཐོང་བར་འགྱུ་རོ།།དུས་མ་ཡིན་པའི་འཆི་བ་མི་འབྱུང་ཞིང་ནམ་འཆི་བའི་ཚེ་དུས་གསུམ་གྱི་སངས་རྒྱས་ཐ~ཾད་བསྐྱེད་པའི་ཡུམ




iiif viewer powered by OpenSeadragon

461b - 462b

Texts on this page

N638 - de bzhin gshegs pa thams cad kyi yum sgrol ma las sna tshogs 'byung ba zhes bya ba'i rgyud