| | e-texts navigator
|
460a1 གཤེགས་པའི་ཡུམ་མཆོག་ན་བཟའ་དཀར།།དྲི་ཞིམ་ཆུ་གཙང་སྤོས་ངད་ལྡན་པའི་ཆུ།།རྒྱལ་བ་བསྐྱེད་པའི་ཡུམ་ལ་མཆོད་པར་བགྱི།།གང་ཡང་ཕྱོགས
460a2 བཅུའི་འཇིག་རྟེན་ཁམས་བཞུགས་པའི།།རྒྱལ་བ་སྐྱེད་པའི་ཡུམ་མཆོག་ཕྲིན་ལས་ལྡན།།བཟའ་དང་བཅའ་པོ་ལ་སོགས་ཞལ་ཟས་རྣམས།།རྒྱལ་བ་བསྐྱེད་པའི་ཡུམ་ལ
460a3 མཆེད་པར་བགྱི།།སྡུག་བསྔལ་ཐམས་ཅད་ཞི་བར་མཛད་པ་ཡི།།གླུ་དང་རོལ་མོ་སིལ་སྙན་བཅས་པའི་སྒྲ།།གདུགས་དང་རྒྱལ་མཚན་བ་དན་འཕན་གདུགས་བཅས།ཕྱོགས
460a4 བཅུའི་ཀུན་ནས་སྤྲིན་པ་ཞིན་བཏིངས་གྱུར་ཅིག།དཔག་བསམ་གྱི་ནི་ཤིང་དག་དང་།།ལྗོན་པའི་ཤིང་དང་ཤིང་དག་གིས།།དྲི་ཞིམ་ལོ་མདབ་བཅས་པའི་ཤིང་།།ཕྱོགས
460a5 བཅུ་ཀུན་ནས་གཏོབས་གྱུར་ཅིག།སྤོས་ཀྱི་ངད་དང་ལྡན་པའི་ཆར།།འབྲུ་དང་མེ་ཏོག་ལ་སོགས་པའི།།ཡི་དུ་འོང་བའི་དྲི་ཞིམ་ཚརརེ།།ངེས་པར་ཀུན་ཏུ་འབབ་པར་ཤོག།འབབ་ཆུ
460a6 སྟེང་ཀ་ལུ་མ་དང་།།མཚ་དང་རྫིང་བུ་དག་དང་ནི།།རོ་བརྒྱ་དྲུག་དང་ལྡན་པའི་མཚོ།།ངང་པ་ལ་སོགས་བཅས་པ་ཡི།།རིན་ཆེན་ཁང་པ་ཡིད་འོང་བྱའོ།།དྲ་བ་དྲ་བ་ཕྱེད་པ་དང
460a7 ཤར་ནུབ་འོད་བཅས་ཉི་ཟླ་དག་དང་ནི།།ཁང་པ་ཤིན་ཏུ་ཡི་དུ་འོང་བ་རྣམས།།རྒྱལ་བ་བསྐྱེད་པའི་ཡུམ་ལ་མཆོད་པར་བྱའོ།།འཇམ་དཔལ་དེའི་ཕྱིར་མཆོད་པའི་སྔོགས་འདི
iiif viewer powered by OpenSeadragon
459b - 460b