| | e-texts navigator
|
459b1 སྐྱེས་པ་དང་།བརྫུས་ཏེ་སྐྱེ་བ་དག་ལ་བལྟས་ཏེ་བྱམས་པ་བསྒོམ་པར་བྱའོ།།སྐྱེས་པ་དང་།རྒས་པ་དང་།ནཱ་བ་དང་།འཚོ་བ་ལ་སྙིང་རྗེ་ཆེན་པོ་བསྐྱེད་པར་བྱའོ།།སྟོང་པ་ཉིད་དང་།མཚན།
459b2 མོ་མེད་པ་དང་།སྨིན་པ་མེད་པ་དང་།རང་བཞིན་གྱིས་འདུས་མ་བྱས་པ་ལ་དགའ་བ་དང་བཏང་སྙོམས་བསྒོམ་པར་བྱའོ།།འཇམ་དཔལ་དེ་ལྟ་བོས་ན་རྒྱུ་ནི་ཚད་མེད་པ་བཞིའོ།།དེས་བསྐྱེད
459b3 བ་ནི་བྱང་ཆུབྱི་སེམས།།དེའི་ཕྱིར་དེ་ལ་ན་ན་དུ་ཡིད་ལ་བྱའོ།།འཇོམ་དཔལ་དེའི་ཕྱིར་སྔགས་འདི་བརྗོད་པར་བྱའོ།།ོཾ་བོ་དྷི་ཙིཏྟ་ཨུ་ཏ་པཱ་ད་ཡ་ཨ་ཧཾ་ཞེས་བརྗོད་པར་བྱའོ།།ཡང་བཅྡོ~ཾས
459b4 ཀྱིས་གསུངས་པ།མཆོད་པ་འདི་རྣམས་ཀྱིས་མཆོད་པར་བྱའོ།།གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི།།སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཡི།།ཕྱེ་མེ
459b5 པུབུར་མ་འདུག་པའི་བྱེ་བྲག་རྣམས།།རྒྱལ་བ་བསྐྱེད་པའི་ཡུམོ་ལ་མཆོད་པར་བྱའོ།།གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི།།དེ་བཞིན་གཤེགས་པའི་ཡུམ་མཆོག་སངྱསྱ།།
459b6 སྤྱན།དམེ་ཏོག་སིལ་མ་ཕྲེང་བའི་བྱེ་བྲག་རྣམསོ།།རྒྱལ་བ་བསྐྱེད་པའི་ཡུམོ་ལ་མཆོད་པར་བགྱི།།གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི།།དེ་བཞིན་གཤེགས་པའི་ཡུཾ
459b7 མཆོག་རིན་པོ་ཆེ།།རིན་ཆེན་མོར་མེ་ཕྲེང་བའི་བྱེ་བྲག་རྣམས།།རྒྱལ་བ་བསྐྱེད་པའི་ཡུམ་ལ་མཆོད་པར་བགྱི།།གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི།།དེ་འནི།
iiif viewer powered by OpenSeadragon
459a - 460a