e-texts navigator
Collection
Volume
Page
Wylie

458a1 བ་ངན་ལ་སོགས་པ་དཔག་ཏུ་མེད་པ་ཐོགས་ཏེ།བཅོམ་ལྡན་འདས་ལ་གཡས་ཕྱོགས་ནས་བསྐོར་ཏེ།མཆོད་པ་སྣ་ཚོགས་ཀྱིས་མཆོད་པའི་སྤྲིན་གྱིས་མཆོད།།
458a2 དེ་ནས་བཅོམ་ལྡན་འདས་ཀྱིས་ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་འཛིན་ལ་མཉམ་པར་གཞག་སྟེ།གཞག་མ་ཐགྡྷ་ལྔས་ཆེན་པོ་གཡོས།བདུད་ཀྱི
458a3 དཀྱིལ་འཁོར་ཡང་ཕམ་པར་བྱས་ཏེ་འོད་ཀྱི་སྣང་བ་ཆེན་པོ་ཡང་སྐུའོ།།དེ་ཡང་འདི་ལྟ་སྟེ།དཀར་པོ་དང་།དམར་པོ་དང་།སེར་པོ་དང་།ལྡེང་ཀུ་དང་།མཐིང་ཀ་དང་།།
458a4 འདྲེས་པ་སྟེ།འོད་སྣ་ཚོགས་བཀྱེ་སྟེ་སྡུག་བསྔལ་དང་བཅས་པ་རྣམས་སྤངས་ཏེ།སངས་རྒྱས་ཐམས་ཅད་ཀྱིས་ཡུམ་སྒྲོལ་མ་ཀུ་རུ་ཀུལླེའི་གཙུག་ཏུ་ནུབ་པར་གྱུར་ཏོ།།
458a5 གཙུག་ཏུ་ནུབ་མ་ཐག་ཏུ་མཆོད་པའི་སྤྲིན་གྱི་ཆར་པ་ཡང་འབབ་པར་གྱུར་ཏོ།།དེ་ནས་ལྷ་མོ་དེ་དཔེར་ན་སྤྲིན་དང་བྲལ་བའི་ཉི་མའི་དཀྱིལ་འཁོར་ལྟ་བུར་གྱུར་ཏོ།།དེའི་ཚེ
458a6 བསྟོད་པའི་ཚོགསུ་བཅད་པ་འདིས་བསྟོད་པ།།ཞིང་ཁམས་ཡོངསུ་དག་པ་ལ།།རིན་ཆེན་མེ་ཏོག་མང་པོའི་ཆར་དུ་ཕབ།།དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི
458a7 ཡུམ།།ཡུམ་གྱུར་སྒྲོལ་མ་ཁྱེད་ལ་ཕྱག་འཚལ་བསྟོད།།ཅེས་གསུང་སོ།།དེའི་ཚེ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོ་ནུར་གྱུར་པ་བླ་གོས་ཕྲག་པ་གཅིག་ཏུ་གཟར




iiif viewer powered by OpenSeadragon

457b - 458b

Texts on this page

N638 - de bzhin gshegs pa thams cad kyi yum sgrol ma las sna tshogs 'byung ba zhes bya ba'i rgyud