| | e-texts navigator
|
456b1 བཤད་བསྟན་ཏེ།དེ་དག་ཐམས་ཅད་ཀྱིས་གཟུངས་འདི་ཐོས་མ་ཐག་ཏུ་སྲོག་དུ་ལྟུང་བར་བྱེད་པ་ཐམས་ཅད་ལུས་རྣམ་པར་གྲོལ་བ་དང་།སྐྱེ་བ་དྲན་པར་གྱུར་པས་ངས་དྷ་ནི།།བྱང་ཆུབ་མེད
456b2 ཆེན་པོ་དེ་སྨྲོས་ཤིག།ཕྱི་མའི་དུས་ན་འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པ་ཅན་དུ་སེམས་ཅན་སྡིག་པར་བྱེད་པ།མཚམས་མེད་པ་བྱེད་པ།བྱེ་བ་ཁྲག་ཁྲིག་འབུམ་ཕྲག
456b3 དུ་མའི་སྡིག་པ་ཟད་པར་འགྱུརརོ།།ཕན་པ་དང་བདེ་བར་འགྱུར།མགོན་མེད་པ་རྣམས་ཀྱི་མགོན་དུ་འགྱུར།།ངོས་ཀྱང་གནང་ཞིང་རྗེ་སུ་ཡི་རོང་།།བཅོམ་ལྡན་འདས་ཀྱིས་བཀའ
456b4 སྤྲུལ་པ།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟད་པས།སྤྱན་རས་གཟིགས་དབང་ཕྱུག་མ་ཞེས་བྱ་བའི་གཟུངས་ཀྱི་རིག་སྔགས་ཀྱི་གསང་སྔགས་ཀྱི
456b5 གཽཞི་འདི་སྨྲསོ།།དཀོན་མཆོག་སུམ་ལ་ཕྱག་འཚལ།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མོད་ལ་ཕྱག་འཚོལོ།།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
456b6 འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལོ།།དེ་དགེ་ལ་ཕྱག་འཚལ་ནས།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡུམ་ཞེས་བྱ་བའི་གཟུངས་རིག་སྔགས
456b7 ཆེན་མོའི་གསང་སྔགས་ཀྱི་གཞི་འདི་དག་བརྗོད་པར་བྱའོ།།བདག་ལ་རིག་སྔགས་འདི་གྲུབ་པར་གྱུར་ཅིག།ཏདྱ་ཐཱ།ི་ལི་མི་ལི།ཙི་ལེ་མེ་ལེ།ཀུན་ཏུ་ལེ་ཀུན་དུ་ལེ།ཀུན་ཏུ
iiif viewer powered by OpenSeadragon
456a - 457a