e-texts navigator
Collection
Volume
Page
Wylie

456a1 པ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ།རིགས་ཀྱི་བུ་མོ་རྣམས་ཀྱི་ཕར་གྱུར་པ།སྔ་གྱུར་པ།སྐྱབས་མ་མཆིས་པ་རྣམས་ཀྱི་སྐྱབས་དང་།
456a2 དཔུང་གཉེན་མ་མཆིས་པ་རྣམས་ཀྱི་དཔུང་གཉེན་དང་།མགོན་མ་མཆིས་པ་རྣམས་ཀྱི་མགོན་དུ་གྱུར་པ།སྡིག་པ་ཐཾད་ཟད་པར་བགྱིད་པ་མཆིས་ཏེ།གཟུངས་དེ་ཐོས་མ་ཐག
456a3 ཏུ་བསམ་པ་ཐམས་ཅད་ཡོངསུ་རྫོགས་པར་འགྱུར།རིག་སྔགས་ཐམས་ཅད་ཀྱང་འགྲུབ་པར་འགྱུརརོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།བྱང་ཆུབ་སེམས་དཔའ་སོངར
456a4 ཆེན་པོ་ང་སྔོན་བྱང་ཆུབ་སེམས་དཔར་གྱུར་ཏེ།བྱང་ཆུབ་ཡོངསུ་ཚོལ་བ་ན།འཇིག་རྟེན་གྱི་ཁམས་གཱངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཕ་རོལ་གྱི་ཡང་ཆེས་ཕོ་རོལ་ན།འཇིག་རྟེན་གྱི
456a5 ཁམས་བདེ་བ་ཅན་ཞེས་བྱ་བ་དེ་ན།།དེ་བཞིན་གོ་ཤེགས་པ་དག་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཅེས་བྱ་བ་ད་ལྟར་ཡང་བཞུགས་ཏེ།འཚོ
456a6 ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ།།འཁོར་དེ་ཉིད་ན།བྲམ་ཟེ་དབང་ཕྱུག་འོད་ཅེས་བྱ་བ།བྱང་ཆུབ་སེམས་དཔའི་ས་གསུམ་པ་ཐོབ་པར་གྱུར་པ་ཞིག་འདུག་པ་དེས།སྤྱན་རས
456a7 གཟིགས་དབང་ཕྱུག་གི་མ་ཞེས་བྱ་བའི་གཟུངས།རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་འདི་བྲམ་ཟེ་བརྒྱ་སྟོང་མང་པོ་དང་།སེམས་ཅན་བྱེ་བ་ཁྲག་ཁྲིག་ཕྲག་དུ་མེས་བསྒྲགས




iiif viewer powered by OpenSeadragon

455b - 456b

Texts on this page

N637 - 'phags pa spyan ras gzigs dbang phyug gi yum zhes bya ba'i gzungs