e-texts navigator
Collection
Volume
Page
Wylie

455b1 གཟུངས།སངས་རྒྱས་དང་།བྱང་ཆུབ་སེམས་དཔར་ཐམས་ཅད་ལ་ཕྱག་འཚལ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་གྲོང་ཁྱེར་ཡངས་པ་ཅན་མའ
455b2 ཆེན་པོས་ཡོངསུ་བསྐོར་ཅིང་མདུན་གྱིས་བལྟས་ན་བཞུགས་ཏེ།ཉོན་ཐོས་ཆེན་པོ་ཤཱ་རིའི་བུ་ལ་སོགས་པ་དགེ་སློང་ལྔ་བརྒྱ་དང་།བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེ་ངར
455b3 ཆེན་པོ་རབ་ཏུ་མང་པོས་ཡོངསུ་བསྐོར་ཅིང་མདུན་གྱིས་བལྟས་ནས།།བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགསོ།།འཁོར་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
455b4 ཀུན་ཏུ་བཟང་པོ་ཞེས་བྱ་བ་འདུས་ཏེ་འདུག་པར་གྱུར་པ་དེར་གི་སྟན་ལས་ལངས་ནས།བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས།པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ།བཅྡོཾས
455b5 ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས།།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་མ་ཞེས་བགྱི་བའི་གཟུངས་ཀྱི་རིག
455b6 སྔགས་ཆེན་མོ་གསང་སྔོགས་ཀྱི་གཞི་འདི་འདས་པ་དང་།མ་བྱོན་པ་དང་།ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་ཤིང་།ད་ལྟར་གསུངས་པ་བཅྡོཾས
455b7 བྱང་ཆུབ་སེམས་དཔར་གྱུར་ཏེ།བྱང་ཆུབ་ཡོངསུ་ཚོལ་བ་ནི་སེམས་ཅན་ཐམས་ཅད་རྗེསུ་གཟུང་བ་དང་།དོན་དང་།བྱང་ཆུབ་སེམས་དཔའི་དོན་གྱི་བར་གྱི་ཕྱིར།སྔོན་གསུང




iiif viewer powered by OpenSeadragon

455a - 456a

Texts on this page

N637 - 'phags pa spyan ras gzigs dbang phyug gi yum zhes bya ba'i gzungs