| | e-texts navigator
|
445a1 གསུམ་གྱི་ལྷ་དང་།ཚངས་པའི་བུ་དང་།ཚངས་ཆེན་རྣམས་ཀྱིས་སྲུང་བ་དང་།བསྐྱབ་པ་དང་།སྨྲ་བ་དང་།ཀུན་ཏུ་རྫསུ་འབྲང་བར་བྱེད།དེ་བས་ཆས
445a2 ལྷག་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བུ་ལ་མས་སྲུང་བ་བཞིན་དུ་སྲུང་བར་འགྱུར་རོ།།བདུད་ཀྱི་བར་དུ་གཅོད་པར་མི་ནུས་སོ།།གང་ཤྲཱི་འཕོས་ནས་ནུབ་ཕྱོགས
445a3 བདེ་བ་ཅན་དུ་པདྨོ་ལས་སྐྱེ་བོར་འགྱུརརོ།།མངལ་གྱི་སྡུག་བསྔལ་ལས་ཐར་པར་འགྱུར།།ཚེ་འདིར་མེ་དང་ཆུའི་འཇིགས་པ་ལས་ཐར་པར་འགྱུརརོ།།འདིར་ནི་མདོ་ཙམ་སྐྱེསུ་ཟད་ཀྱི
445a4 དེ་མ་ཡིན་པ་གང་འདོད་པ་ཐམས་ཅད་བསམ་པ་ཡིད་བཞིན་དུ་འགྲུབ་པར་འགྱུར།།གང་རྒྱུད་འདི་ལ་གནོད་པ་དང་།འཚེ་བ་དང་།ཚུལ་བཞིན་མ་ཡིན་པ་ཡིད་ལ་མི་བྱེད་ན།དེ
445a5 ལ་ལྷའི་བུ་དང་།ཀླུའི་བུ་ཁྱེད་རྣམས་ཀྱིས་སྲུང་བླ་གྱིས་ཤིག་ཅེས་བཀའ་སྩལ་ཏོ།།དེ་ནས་གསང་བའི་བདག་པོ་དང་།ཚངས་རིས་ཀྱི་ལྷའི་བུ་དེ་དག་རབ་ཏུ་དགའ་ནས་ཚུལ་བཞིན
445a6 དུ་ཁས་བླང་བར་བྱས།།དེ་ནས་གཞན་སྲུང་བའི་ཕྱིར་བདག་ས་དཀར་པོ་ལོ་ལན་དུ་མར་བསྔགས་ན་བར་ཆད་ཐམས་ཅད་ཞི་བར་འགྱུརརོ།།སེང་གེ་སྒྲའི་རྒྱུད་ཅེས་བྱ་བ་རྫོགས
445a7 རྒྱ་གར་གྱི་མཁན་པོ་པཎྜི་ཏ་པྲདྡྷཾ་ཀཱ་ར་དང་།བོད་ཀྱི་ལོ་ཙྪ་བ་འགེས་ཁུག་པ་ལྷས་བཙས་ཀྱིས་ཞུས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ།།
iiif viewer powered by OpenSeadragon
444b - 445b