e-texts navigator
Collection
Volume
Page
Wylie

425a1 ཕྱག་སྟོང་ཉོན་མོངས་གྲོལ་བའི་ཕྱག།སྤྱན་སྟོང་ཤེས་རབ་འོད་གསལ་ཏེ།།འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད།།ཅེས་བསྟོད་ནས།བཅོམ་ལྡན་འདས
425a2 ཐུགས་རྗེ་ཆེན་པོའི་སྐུ་དེ་མི་སྣང་བར་གྱུར་ནས།བཅོམ་ལྡན་འདས་ཤཱཀྱ་ཐུབ་པར་གྱུར་ཏོ།།དེ་ནས་ལྷའི་བུས་གསོལ་པ།འདི་ལ་ཕན་ཡོན་ཅི་ཞེས་ཞུས་པ་དང་།བཅྡོཾས་ཀྱིས
425a3 ཀའ་སྩལ་པ།གང་ཞིག་རྒྱུད་འདི་ཡིད་བྱེད་ན།།ནད་དེང་རིམས་དང་གདོན་དང་ནི།།རྒྱལ་པོ་གཅན་ཟན་འཇིགས་པ་དང་།།འཇིགས་པ་ཀུན་ལས་གྲོལ་བར་འགྱུར།།འདོད
425a4 ཆགས་ཞེ་སྡང་གཏི་མུག་དང་།།མཚམས་མེད་སྡིག་པ་མི་དག་ཀུན།།རབ་ཏུ་ཞི་བར་བྱེད་པར་འགྱུར།།དམྱལ་བ་ངན་སོང་སྡུག་བསྔལ་དང་།།མི་ཁོམ་བརྒྱད་ལས་རྣམ་གྲོལ
425a5 ཉན་དང་འཆང་དང་སྒོམ་པར་འགྱུར།།དྲི་མེད་ནི་མཁའི་དཀྱིལ་ལྟ་བུར།།བཅོམ་ལྡན་འདས་ཀྱང་མཐོང་བར་འགྱུར།།ཞེས་བཀའ་སྩལ་ནས།བྱང་ཆུབ་སེམས་དཔའ་སེམས་དང་།།
425a6 ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ།བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་གཏུགས་ནས།ལེགསོ་ལེགསོ་ཞེས་བྱ་བ་གསུངས་ནས།སྟན་ལ
425a7 འཁོད།བྱང་ཆུབ་ངོམས་དཔའ་འབུམ་ཕྲག་ལྔ་སྟོང་དང་།ལྷ་དང་།མི་དང་།ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ




iiif viewer powered by OpenSeadragon

424b - 425b

Texts on this page

N626 - pad+ma cod pan zhes bya ba'i rgyud