e-texts navigator
Collection
Volume
Page
Wylie

424b1 ཨ་མོ་གྷ་ཀ་དྷྲྀ་ཀུ་ཏི་དནྟ་བནྡྷ་ཧཱུཾ་ཕཊ།ཕྱོགས་བཞིར་ཕུར་བུ་དག་ལ་ནི།།བདུན་ནམ་ཉི་ཤུ་རྩ་གཅིག་བཟླས།།གཅན་ཟན་དྲི་མ་ཡུངས་ཀར་བསྲེས།།གསང་སྔགས་བཟླས་ཤིང་མཁའ་བ
424b2 གཏོར།།ོཾ་བཛྲ་ཀྲྀ་དྷ་ཧཱུ~ཾ་ལུ་ཧུ་ལུ།ཏིཥྛ་ཏིཥྛ།བནྡྷ་བནྡྷ།ཧ་ནུ་ཧ་ནཱ།ཧཱུ~ཾ་ཕཊ།།སོར་བསྲུང་བའི་ལེའུ་སྟེ་བཅུ་པའོ།།།དེ་ནས་བཅོམ་ལྡན་འདས་ཀྱིས་ཧོ་ཟེར
424b3 རབ་ཏུ་བཀྱེ་སྟེ།།ཕྱོག་སྟོང་དང་སྤྱན་སྟོང་ལ་འོད་ཟེར་འབྱུང་བ་འདི་ལྟ་སྟེ།དཀར་པོ་དང་།དམར་པོ་དང་།ནག་པ་དང་།ལྗང་ཀུ་དང་།སེར་པོ་དང་།འོད་ཟེར་དེ་དག་གིས་འགྲོ་པ་རིས
424b4 དྲུག་པོ་དེ་དག་ཐམས་ཅད་ལ་ཁྱབ་སྟེ།དབུགས་དབྱུང་བ་མཛད།།དེ་ནས་རྒྱལ་ཆེན་བཞི་དང་།སུམ་ཅུ་རྩ་གསུམ་དང་།འཐབ་བྲལ་དང་།དགའ་ལྡན་དང་།འཕྲུལ་དགའ་དང་།གཞན།།
424b5 འཕྲུལ་དབང་བྱེད་དང་།ཚངས་རིས་དང་།ཚངས་པ་ཀུན་འཁོར་དང་།ཚང་པ་མདུན་ན་འདོན་དང་།ཚངས་པ་ཆེན་པོ་དང་།འོད་ཆེན་དང་།ཚད་མེད་འོད་དང་།འོད་གསེལ་དང་།
424b6 དཔེ་ཆུང་དང་།ཆད་མེད་དགེ་དང་།དགེ་རྒྱས་དང་།སྤྲིན་མེད་དང་།བསོད་ནམས་སྐྱེས་དང་།འབྲས་བུ་ཆེ་བ་དང་།མི་ཆེ་བ་དང་།མི་གདུང་བ་དང་།ཤིན་ཏུ་མཐོང་བ་དང་།གྱ་ནམ
424b7 སྣང་བ་དང་།འོག་མིན་ལ་སོགས་པའི་ལྷ་དེ་དག་གིས།མཆོད་པའི་སྤྲིན་གྱིས་ཆར་ཕོབ་ནས།།ལྷའི་བུས་ཚིག་སུ་བཅད་པས་བསྟོད་པ།།སྤྱན་རས་གཟིགས་དབང་ཐུགས་རྗེའི་སྐུད།




iiif viewer powered by OpenSeadragon

424a - 425a

Texts on this page

N626 - pad+ma cod pan zhes bya ba'i rgyud