e-texts navigator
Collection
Volume
Page
Wylie

415a1 འཛིན་ལ་སྙོམས་པར་ཞུགས་ཏེ།འོད་ཟེར་གྱིས་རྣམ་པར་སྣང་མཛད་གང་ཆེན་མཚོའི་ཞིང་གི་རྡུལ་ལ་རེག་པས་རེག་མ་ཐག་ཏུ་བསྐལ་པ་བཟང་པོ་ས
415a2 སྟོང་རྩ་གཉིས་ལ་མཆོད་ནས།འོད་ཟེར་དེ་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་ནུབ་བོ།།ནུབ་མ་ཐག་ཏུ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ་སྐུ་མདོག་གངས
415a3 ཀྱི་རྩེ་ལ་ཉི་མ་ཤར་བ་ལྟར་དཀར་བ།ཞལ་བཅུག་གི་རྩ་བའི་ཞལ་དཀར་པོ།སྟོང་གི་ཞལ་སེར་བ།གཡས་ལྗང་ཀུ།གོཡོན་དམ་བོ།སྟེང་གི་གསུམ་ནག་པོ།།བཛྲ
415a4 ཀྱི་དབུ་ནི་བྱི་རུ་བཅག་པ་ལྟ་བུར་གྱུར་ཏེ།འཛུམ་པ་མཛད་ནས་ཐུགས་རྗེ་ཆེན་པོའི་བདག་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་གཟིགསོ།།དེ་ནས་བྱང་ཆུབ་སེམས་དཔའ།
415a5 འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐལ་མོ་སྦྱར་ནས།གསོལ་པ།སྐུ་དང་སྡུག་པ་དང་ལས་རྣམས་དང་།།ཁྱད་པར་ཆོ་ག་བསྟན་པར་གྱིས།།ཞེས་གསོལ་བ
415a6 བཏབ་ནས།བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱན་རས་གཟིགས་དབང་ཕྱུག་ལ་ལེག་སོ་ཞེས་བྱ་བ་བྱིན་ནས་བཀའ་སྩལ་པ།སྐུ་ནི་རྣམ་པ་འདི་ལྟ་སྟེ།ཐུགས་རྗེ་དག
415a7 པས་ཆུ་ཤེལ་ཏེ།མཉམ་པར་བཞེངས་པས་འགྲོ་དོན་མཛོད།།ཆུ་ཤེལ་མདོག་འདྲ་ཞལ་གསུམ་དཀ་།།ལྗང་ཀུའི་མདོག་ཅན་ནག་པོ་ཆེ།།སེར་པོ་དེ་བཞིན་བཅོམ་ལྡན་པ




iiif viewer powered by OpenSeadragon

414b - 415b

Texts on this page

N626 - pad+ma cod pan zhes bya ba'i rgyud