| | e-texts navigator
|
222a1 མཚན་ནས་བརྗོད་ཅིང་སྐུ་ལ་མོས།།རིག་སྔགས་ཟློས་པ་པོ་གང་ཞིག།འཇིག་རྟེན་འདོད་པ་ཀུན་གྲུབ་ཅིང་།།ཕྱི་ནས་ཡེ་ཤེས་ཉིས་འགྱུརརོ།།འབྲུར
222a2 བསྟན་དེ་སྐད་ཐོབ་པའི་ཕྱིར།།སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག།གྲངས་སྙེད་ཞལ་ནས་གསུངས་པ་ཡི།།རིག་སྔགས་སྙིང་པོ་གདོང་བཅུ་གཅིག།མཐུ་ཆེན་ཐོགས་པ་མེད་པ
222a3 སྟེ།།འགྲོ་ལ་སྨན་ཅིང་བདེ་བ་དང་།།ནད་ཀུན་སེལ་བྱེད་སྡིག་ཀུན་སྐྱོང་།།བཀྲ་ཤེས་མེད་པ་ཀུན་བཟློག་ཅིང་།།རྨི་ལམ་མཚོན་མ་ངན་ཀུན་སེལ།།དུས་མིན་འཆི་དང་ངན་སེམས
222a4 བཟློག།རྟག་ཏུ་དཔལ་དང་སེམས་བདེ་ཐོབ།།མྱ་ངན་སྡུག་བསྔལ་ངལ་བསེལ།།རྩེད་འཁྲུག་ཐམས་ཅད་ཞི་བ་དང་།།བདུད་དང་གདོན་བགེགས་ཞི་བར་འགྱུར།།འཇིག
222a5 རྟེན་སྨྱོན་པ་ཀུན་འགྲུབ་ཅིང་།།བདུད་དང་བར་ཆད་མཚོན་ཆེ་ནད།།དབྱིག་པ་དང་ནི་བཅིང་བ་དང་།།བརྩོན་རར་བཅུག་དང་མཚོན་ཆས་བརྩལ།།གསོད་སྔར་ཁྲི་དང་ཡན
222a6 ལག་བཅད་།།མིག་འབྲུ་མཚོན་གྱིས་བཙམ་པ་དང་།།ཆུ་དང་མེ་དང་རླུངས་གཡོས།།དུག་དང་བྱང་སྟེམས་རོ་ལངས་དང་།།ཆོམ་རྐུན་མི་མ་ཡིན་རྣམས་གནོན།།རིག་སྔགས
222a7 འདི་ཡིས་བསྲུངས་པ་དང་།།ལེན་དང་འཛིན་དང་བྲི་བ་དང་།།ཀློག་དང་ཁ་ཏོན་བཤད་སོགས་རྣམས།།བརྩོན་ལ་འཇིག་རྟེན་ལྷ་བཙས་དང་།།བདུད་དང་ཚངས་པ་དགེ་སྦྱོང་དང་།
iiif viewer powered by OpenSeadragon
221b - 222b