e-texts navigator
Collection
Volume
Page
Wylie

221b1 རྒྱལ་པོ་ཞེས་བྱ་བ།།འཇིག་རྟེན་སྟོན་པ་བཞུགས་པའི་ཚེ།།བདག་ཉིད་དྲང་སྲོང་བདག་པོར་གྱུར།།རིག་སྔགས་འདི་མནོས་སྒྲུབ་པ་ཡིས།།ཕྱོགས་བཅུའི་སངས་རྒྱས་ཞལ་མཐོང་ཞིང་།།
221b2 སྒྱུ་མེད་ཆོས་ལ་བཟོད་པ་ཐོབ།།དེ་རྗེས་འདས་དུས་བསྐལ་པ་ནི།།བྱེ་བ་ཕྲག་བརྒྱའི་སྔ་རོལ་ན།།བདེ་གཤེགས་རྫོགས་སངས་རྒྱས་ཀྱི་མཚན།།ཚེ་དཔག་མེད་ཅེས་འཇིག་རྟེན་དུ།
221b3 སྟོན་པ་བྱུང་བ་བདག་གིས་མནོས།།དེ་ཚེ་ཕྱོགས་བཅུའི་སངས་རྒྱས་ཀྱིས།།བདག་ལ་དབང་བསྐུར་ལུང་བསྟན་མཛད།།ཁྱོད་ཀྱི་སྔོན་དུ་བསྐལ་པའི་གྲངས།།བརྗོད་མི་ལང་ནས་རེག
221b4 སྔགས་ཕྱིར།།ཡང་དག་སྟོང་ཕྲག་སྟོང་སྟོད་ཀྱང་།།དང་བའི་མཆོད་སྦྱིན་ཆེན་པོ་བྱས།།བྱེ་བ་ཕྲག་གྲངས་བཅུ་གཅིག་ཏུ།།ཕྱོགས་བཅུའི་སངས་རྒྱས་དབང་བསྐུར་བླངས།།དེ་དང་དེ
221b5 ཡི་རྣམ་སྨིན་མཆོག།སངས་རྒྱས་ཞིང་ཁམས་རབ་འབྱམ་དུ།།ཡང་དང་ཡང་དུ་འབྱུང་བར་འགྱུར།།ཕྱིས་ནི་འདྲེན་པ་ཤཱཀྱ་ཞེས།།མི་མཛོད་འཇིག་རྟེན་ཁམས་འཁྲུངས་ཚེ།།མི་ཡུལ
221b6 ལས་ཀྱང་ཁྱད་པར་དུ།།ཡི་དྭགས་གླིང་དུ་སྐྱེས་པ་འགའ།།གཏན་ལ་འདུད་འཕེལ་བྱ་བའི་ཕྱིར།།མཚན་མོ་མུན་ནག་སྤྲིན་རུམ་དུ།།སྐད་ཅིག་གློག་འགྱུ་ཇི་ལྟ་བར།།རིག
221b7 སྔགས་འཚོང་བ་གདོང་བཅུ་གཅིག།ཡན་ལོག་སྟོང་དང་ལྡན་པ་ལ།།སྤྱན་ནི་ཚིག་སྟོང་སུམ་ཅུ་པའི།།མཚན་དང་ལྡན་པའི་སྐུ་འབྱུང་འགྱུར།།དེ་ཚེ་བསྐལ་ལྡན་ལ་ལ་ཞིག།




iiif viewer powered by OpenSeadragon

221a - 222a

Texts on this page

N618 - 'phags pa spyan ras gzigs dbang phyug gi rtsa ba'i rgyud kyi rgyal po pad ma dra ba zhes bya ba