| | e-texts navigator
|
221a1 མམན[।]ཐམསས་ན་མམས་མ་ཐམ། ནམམཐས་ནཐམ།ས་མཐམ.མམ་ཐམ་མཚམ་ལ་ཁམ་མ་མཐམ་མམ་ཡལ་ཡ་མ་མཁན་ཡ།མལ་མ་མ
221a2 དང་སྣོད་སྤྱད་གོས་ནོར་རྒྱན།།བསྐལ་པ་བཞི་བཅུའི་མཆོད་སྦྱིན་ཏེ།།དེ་ནས་བརྩལ་དང་ཤུགས་ཀྱང་ཡིན།།མངའ་ནི་བྷྲིང་གི་རཱི་ཏི་ཡི།།བྱིན་རླབས་སྔོན་དུ
221a3 བྱེད་མོད་ཀྱང་།།གྲངས་མང་ཚུལ་ཁྲིམས་བྲལ་བས་ནི།།སྲིན་པོའི་རིགསུ་འཁྲུངས་པ་དང་།།འཁོར་བཅས་གཞན་ལ་གནོད་འགྱུར་ཡིན།།ངས་ནི་ངང་ཚུལ་རྨད་བྱུང་བའི།།
221a4 ལུས་ཀྱི་བདེ་གཤེགས་སྦྱིན་པ་དང་།།སྒྲུབ་བརྗོད་ལེགས་བྱས་མཐའ་ཡས་པ།།སྤྱོད་བཟང་ལ་གནས་བསྒྲལ་བའི་གྲངས།།གང་ག་རླུང་གི་རྡུལ་དང་མཚུངས།།དེ་སྐད་འབྲས
221a5 བུ་དེ་བརྩམས་ཏེ།།དང་པོའི་ལས་ཅནི་ཇི་སྙེད་ལ།།།ཕན་གདོགས་བཞི་ནི་བྱ་བའི་ཕྱིར།།ཅུང་ཟད་བསྡུས་ནས་བརྗོད་བྱ་སྟེ།།ལེགས་པར་ཉོན་ལ་ཡིད་ལ་ཟུང་།།སྔོན་ཚེ་འདས
221a6 དུས་བསྐུལ་པ་ནི།།གང་གེ་ཀླུང་བཅུའི་སྔ་རོལ་གྱི།།ཚར་འདས་པ་ཡི་སྔ་རོལ་ནོ།།བདེ་གཤེགས་རྫོགས་སངས་རྒྱས་ཀྱི་མཚན།།མན་དཱ་རིའི་དྲི་ཞེས་བྱ་བ།།འཇིག་རྟེན་སྟོན་པ
221a7 བྱུང་བའི་ཚེ།།བདག་ནི་ཁྱིམ་བདག་དྲག་པོར་གྱུར།།ཐུབ་པ་དེ་ལ་རིག་སྔགས་མནོས།།ཐོབ་མ་ཐག་ཏུ་བསྐལ་བའི་གྲངས།།བཞི་ཁྲི་སྙེད་ཀྱི་འཁོར་བ་བསྙིལ།།དེ་རྗེས་བསྐལ་པ
221a8 གང་ག་ཀླུང་།།བྱེ་བ་སྙེད་ཅིག་སྔ་རོལ་ན།།བདེ་གཤེགས་རྫོགས་སངས་རྒྱས་ཀྱི་མཚན།།ཐོགས་མེད་པདྨ་བརྒྱ་ཡི་སྤྱན།།གཙུག་ཏོར་ཡོན་ཏན་རབ་རྒྱས་པའི།།འོད་ཟེར
iiif viewer powered by OpenSeadragon
220b - 221b