| | e-texts navigator
|
220a1 ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་ཤིང་ལྷས་བཅོ་བརྒྱད་དུ་གྱུར་ཏོ།།དེའི་ལྟས་དྲི་མཐོང་ནས་ལང་ཀའི་རྒྱལ་པོ་སྒྲ་སྒྲོགས་ཤིན་ཏུ་སྙོམས་པ་དང་ལྡན
220a2 ནས་རང་གི་འཁོར་དུ་མ་དང་ལྷན་ཅིག་དེར་ལྷགས།།དེ་ནས་བཅོམ་ལྡན་འདས་ཀྱི་སྒྲ་སྒྲོགས་ཀྱི་སེམས་ཀྱི་རྟོག་པ་ཐུགསུ་ཆུད་ནས་སྐུའི་གནས་ཐམས་ཅད་ནས་འོད་ཟེར་བྱེ་བ་ཕྲག
220a3 དུ་མ་བྱུངངོ་།།འོད་ཟེར་དེ་དང་ས་གཡོས་པ་དེ་དག་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱང་གསལ་བར་གྱུར་ཏེ།དེའི་ཚེ་སྒྲ་སྒྲོགས་སྙེམས་པ་དང་བཅས་པས་དེའི
220a4 འཁོར་ཐམས་ཅད་ཀྱིས་འཛམ་བུའི་གླིང་དུ་ཡམས་ནད་ལ་སོགས་པས་རྣམ་པར་འཚེ་བ་དེ་ཐུགས་ཀྱིས་ཡོངསུ་དགོངས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ
220a5 སྤྱན་རས་གཟིགས་དབང་ཕྱུག་གདོང་བཅུ་གཅིག་པ་དྲང་སྲོང་རིག་སྔགས་འཆང་བྱེ་བ་ཕྲག་བརྒྱ་སྟོང་དང་ལྷན་ཅིག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་ནས་ཞབས་ལ་སྤྱི་བོས
220a6 ཕྱོག་འཚལ་ཏེ།གཡས་ཕྱོགསུ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ།།དེ་ནས་སངས་རྒྱས་ཀྱི་མཐུས་ལྷའི་ཚོགས་རྣམས་ཀྱིས་ནང་ནས་ལྷའི་བུ་རིན་པོ་ཆེ་པདྨའི་དྲ་བྲ
220a7 རྒྱན་པ་ཞེས་བྱ་བ་བཞེངས་ཏེ།ཐལ་མོ་སྦྱར་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས།།ཀྱེ་མ
iiif viewer powered by OpenSeadragon
218b - 220b