e-texts navigator
Collection
Volume
Page
Wylie

218a1 གཟིགས་དང་བྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚའོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་ཉི་མ་ལ་ཡའི་ཚལ་ཆེན་པོ་ལྡན་སྡོང་པོ་དང་མྱུ་ས།
218a2 རྒྱས་པའི་དཀྱིལ་འཁོར་གྱི་ཚོགས་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ།འདི་ལྟ་སྟེ།ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་།ཚེ་དང་ལྡན་པ་ག་ཡ་འོད་སྲུང་དང་།ཚེ་དང་ལྡན་པ་རླངས་པ་འོད་སྲུང་དང་།ཚེ་དང་ལྡན
218a3 པོ་ཀུན་འགེད་གཞོན་ནུ་དང་།ཚེ་དང་ལྡན་པ་མ་འགགས་པ་དང་།ཚེ་དང་ལྡན་པ་ཤཱ་རིའི་བུ་དང་།ཚེ་དང་ལྡན་པ་མི་དྲུགལ་གྱི་རྡོ་ཆེན་པོ་དང་།ཚེ་དང་ལྡན་པ་རིརབ་འབྱོར་ལ་སོགས་པ་དགེ་སློང་གི་དགེ་འདུན་ཆེན་པོ
218a4 སྟོ་ཉིས་བརྒྱ་ལྔ་བཅུ་དང་།བྱང་ཆུབ་སེཾའ་ཆེན་པོ་འདི་ལྟ་སྟེ།པདྨ་དཀར་པོ་དེང་།ཉི་འོད་དང་།གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང་།པདྨའི་སྟན་དང་།ཡེ་ཤེས་དབང་ཕྱུག་དང་།པདྨའི་དབང
218a5 ཕྱུག་དང་།རྡོ་རྗེའི་སྙིང་པོ་དང་།རིན་ཆེན་སྙིང་པོ་དང་།ཀུན་ཏུ་བཟང་པོ་དང་།སྒྲིབ་པ་རྣམ་པར་སེལ་བ་དང་།ནམ་མཁའི་སྙིང་པོ་དང་།བྱམས་པ་དང་།འཇམ་དཔལ་དང་།
218a6 འཇིག་རྟེན་དབང་ཕྱུག་དང་།ཕྱག་ན་རྡོ་རྗེ་དང་།བློ་གྲོས་མི་ཟད་པ་དང་།ན་མ་དའི་མཛོད་དང་།བློ་གས་རྒྱ་མཚོ་དང་།མཐུ་ཆེན་པོ་ཐོབ་པ་དང་།ཟླ་འོད་དང་།དྲ་བ་ཅན་གྱི་འོད་དང་།སྤོངས་པ་བརྩེགས་དང་།མྱ
218a7 ངན་དང་མུན་པ་ཐཾད་སེལ་བའི་བློ་གྲོས་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་པ་དང་།གཞན་ཡང་གཙོར་བྱམས་པ་གནས་པའི་དགེ་སློང་དང་།དགེ་སློང་མ་མང་པོ་དང་།




iiif viewer powered by OpenSeadragon

217b - 218b

Texts on this page

N618 - 'phags pa spyan ras gzigs dbang phyug gi rtsa ba'i rgyud kyi rgyal po pad ma dra ba zhes bya ba