| | e-texts navigator
|
197b1 བ་དང་།སྟོན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་རྫོགས་པར་འགྱུར།དགའ་བོ་ཁྱོད་ཀྱིས་འདྲི་རྗེསུ་ཆོས་བཞིན་ཡིད་ལ་བྱས་ཏེ།།སེམས་ཅན་ཐམས་ཅད་ཀྱིས་མཐོང་ཞིང་ཐོས་པར་བྱ་བའི
197b2 ཕྱིར་ཡོངསུ་རྒྱས་པར་སྟོན་ཅིག་དང་།བསོད་ནམས་ཚོད་མེད་པ་ཐོབ་པར་འགྱུར་རོ།།ཡི་དགས་ཁ་ནས་མེ་འབར་བ་ལ་སྐྱབས་མཛད་པའི་གཟུངས་རྫོག་སོ།།།
197b3 བེད་སྐད་དུ།འཇུར་འགེགས་ཞེ་བྱ་བའི་གཟུངས།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལྀ་ཕྱག་འཚ་ལོ།།སེར་སྣ་ལས་ཆེར་ལྷག་པ།གཞན་གྱི་ལ
197b4 འཇུར་འགེགས་བྱས་པའི་ཉེས་པའི་འབྲས་བུ་འདི་ལྟ་སྟེ།འཕགས་པ་ཤཱ་རིའི་བུ་དང་།འཕགས་པ་མཽད་གལ་གྱི་བུ་གཉིས་པོས་མཐའ་གཅིག་ན།སོ་སོར་རྟོག་པའི་ཤེས་རབ་ཡིད་ལ་བྱེད
197b5 ཅིང་ཡོད་པ་ལས།།ཉི་མའི་གུང་ལ་གཉིས་པོས་ཁམས་སེང་དུ་མཆིས་པའི་ས་ན་ཡི་དགས་མོ་ལུས་སྔོ་ལ་སྐམ་པ།ཁོག་ཁོག་ཟེར་བ།སྐྲ་འཛིངས་པ།མིག་དམར་ལ་མི་གཡོན་དུ
197b6 ཡོ་བ།མ་མཆུ་རིང་ལ་གཡ་སུ་ཡོ་བ།སྐེ་དང་།རྐང་ལག་ཤིན་ཏུ་ཕྲ་ལ་རིང་བ།ལག་པ་ཁུ་ཚུར་བསྡམས་པའི་སེན་མོས་ཐད་ཀར་ཕུག་ནས་སེན་མོ་སྔོ་ཟང་དེ་ཡོད་པ།ཁ་ནས་སྒྱུ
197b7 རྣམ་པ་ལྔ་སྒྲོགས་པ་ནི་འདི་ལྟ་སྟེ།དགོས་ན་ཞེས་བྱ་བ་དང་།མེད་ན་ཞེས་བྱ་བ་དང་།མ་སྦྱིན་ཅིག་ཞེས་བྱ་བ་དང་།སྟེར་ན་ཡང་ཆེ་ཆེས་པར་འོང་ངོ་ཞེས་བྱ་བ་དང་།དེ་ནས་ཅེ་ཆེས་ཀྱིས
iiif viewer powered by OpenSeadragon
197a - 198a