e-texts navigator
Collection
Volume
Page
Wylie

197a1 སྨོན་ལམ་འདོང་སོ།།གཞན་ཡང་མི་དེ་སེམས་བསམ་པ་བཞིན་དུ་མཐོང་བ་དང་།ཐོས་པའི་སྒོ་ནས་ཡོངསུ་དག་ཅིང་།ཤེས་པ་མི་ནོར་བདག་ཚངས་དང
197a2 ལྷའི་སྤྱོད་པ་མཆོག་དང་ལྡན་ཞིང་ཡོངསུ་རྫོགས་པར་འགྱུར།།གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མོ་ཁྲག་ཁྲིག་བརྒྱ་སྟོང་སྙེད་ལ་མཆོད་པ་བྱས
197a3 དེའི་བསོད་ནམས་དང་འདྲ་སྟེ།ཕས་ཀྱི་རྒྱལ་བ་ཐམས་ཅད་ཀྱིས་གནོད་པ་མི་ནུས་པོར་འགྱུརརོ།།གལ་ཏེ་དགེ་སློང་ཕ་འམ།དགེ་སློང་མ་འམ།དགེ་བསྙེན་པ་འམ།
197a4 དགེ་བསྙེན་མ་གང་ཞིག་སངས་རྒྱས་དང་ཆོས་དང་།དགེ་འདུན་ལ་མཆོད་པ་བྱེད་པར་འདོད་ན།སྤོས་དང་མེ་ཏོག་དང་ཞལ་ཟས་དམ་པ་ལ་གཟུངས་སྔགས་འདི་ལན
197a5 ཤུ་རྩ་གཅིག་ཏུ་བཟླས་ཏེ།དཀོན་མཆོག་གསུམ་ལ་དབུལ་བར་བྱའོ།།དེ་ནས་རིགས་ཀྱི་བུ་ཕོ་དང་།རིགས་ཀྱི་བུ་མོ་དེས་ཕུལ་བའི་ཞལ་ཟས་དེ་ལྟ་རྫས་ཀྱི་ཞལ་ཟས་སུ
197a6 གྱུར་ཏེ།ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནི་སངས་རྒྱས་དང་།ཆོས་དང་།དགེ་འདུན་ལ་མཆོད་པ་བྱས་པར་འགྱུརརོ།།དེ་ནས་བསྟོད་པ་དང་གསོལ་བ་གདབ་པ
197a7 རྗེ་སུ་ཡི་རང་བའི་བསོད་ནམས་དང་ལྡན་པར་འགྱུར་ཏེ།རྟོག་ཏུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྔགས་ཤིང་དགོངས་པར་འགྱུརརོ།།ལྷ་མང་པོས་རྟག་ཏུ་སྲུང་ཞིང་སྐྱོབ




iiif viewer powered by OpenSeadragon

196b - 197b

Texts on this page

N613 - yi dwags kha nas me 'bar ba la skyabs mdzad pa zhes bya ba'i gzungs