| | e-texts navigator
|
195b1 ཁྱོད་ཀྱིས་ཟུང་ཤོག།བསོད་ནམས་དང་ཚེའི་ཚད་ཀྱང་འཕེལ་ཞིང་སྐྱེ་བར་འགྱུརརོ།།དང་ཚེ་བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་གཟུངས་སྔགས་འདི་བཀའ་སྩལ་ཏོ།།ན་མཿསརྦ་ཏ་ཐཱ་ག་ཏ
195b2 ཨོཾ་བ་ལོ་ཀི་ཏེ།སཾ་བྷ་ར་སཾ་བྷ་ར་ཧཱུཾ།བཅོམ་ལྡན་འདས་ཀྱིས་དགོའ་བོ་ལ་བཀའ་སྩལ་པ།རིགས་ཀྱི་བུ་འམ།རིགས་ཀྱི་བུ་མོ་གང་ལེ་ལ་ཞིག་ཚེ་རིང་བར་འདོད་དམ།བསོད་ནམས
195b3 ཚ་ཞིང་འཕེལ་བ་དང་།།སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱུར་དུ་ཡོངས་སུ་རྫོགས་པར་བྱ་བར་འདོད་ན།རྟག་ཏུ་སྔ་དྲོའི་དུས་སམ།ཡང་ན་དུས་ཐམས་ཅད་དུ་བྱས་ཀྱང་བར་ཆད་དུ་འགྱུར་བ
195b4 མེད་དོ།།སྣོད་གཙང་མིའི་ནང་དུ་ཆུ་གཙང་མ་བླུགས་ལ་ཆན་ནམ་ཕྱེ་འམ།ཁུར་བ་ལ་སོགས་པ་ཅུང་ཟད་ཅིག་བཏབ་སྟེ།ལག་པ་གཡས་པ་སྣོད་ཀྱི་སྟེང་དུ་བཞག་སྟེ།གཟུངས
195b5 འདི་ལན་བདུན་བསྔགས་ནས།དེ་བཞིན་གཤེགས་པ་བཞིའི་མཚོན་ནས་བརྗོད་པར་བྱའོ།།དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ།།དེ་བཞིན་གཤེགས་པ
195b6 རིན་ཆེན་མང་གི་མཚན་ནས་བརྗོད་པའི་བྱིན་གྱིས་བརླབས་ཀྱིས།ཡི་དགས་ཐམས་ཅད་སྐྱེ་བ་མང་པོའི་སེར་སྣ་བྱས་པ་མི་དགེ་བའི་ལོས་བཅོམ་ཞིང་།བསོད་ནམས་ཡོངས་སུ
195b7 རྫོགས་པར་འགྱུརརོ།།དེ་བཞིན་གཤེགས་པ་གཟུགས་དམ་པ་ལ་ཕྱག་འཚལོ།།དེ་བཞོན་གཤེགས་པ་གཟུགས་དམ་པའི་མཚན་ནས་བརྗོད་པའི་བྱིན་གྱིས་བརླབས་ཀྱིས
iiif viewer powered by OpenSeadragon
195a - 196a