e-texts navigator
Collection
Volume
Page
Wylie

194b1 མེ་འབར་བ་དང་།མགྲོན་པ་མོ་ཁབ་ཙམ་ལ་སྐྱ་འཛིངས་པ་དང་།སེན་མོ་དང་མཆོ་བ་རིང་ཞིང་རྣ་བ་ཡང་མཐོང་ལ།ཡིད་དུ་མ་འོང་།མི་འདོད་པའི་ཚིག་ཀྱང་ཐོས་ནས།ལུས་སྒྱི་འུ་བ་ནས་བྱེད
194b2 བཙུམ་དུ་འཇིགས་སྐྲག་ནས་འདུག་པ་ལས་ལངས་ཏེ།མྱུར་བར་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་།།བཅོམ་ལྡན་འདས་ཀྱི་སྤྱན་སྔར་བྱིན་ནས་ལུས་སྨད་ལྔ་ས་ལ་གཏུགས་ཏོ།།
194b3 བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས།ལུས་འདྲར་བཞིན་དུ་སྡུག་བསྔལ་གྱིས་གདུངས་པའི་དཔུང་གཉེན་མཛད་དུ་གསོལ།ཞེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས
194b4 གསོལ་ཏོ།།བདག་པས་མཐའ་ཞིག་ནི་ཆོས་ཡིད་ལ་བགྱིད་ཅིང་མཆིས་པ་ལས།ཡི་དགས་ཁ་ནས་མེ་འབར་བ་ཞེས་བགྱི་བ་དེ་བདག་ལ་འདི་སྐད་ཅེས་མཆིའོ།།ཁྱོད་ད་སྟེ་ཞག་བདུན
194b5 ན་ངེས་པར་ཚེའི་དུས་བྱས་ཏེ།ཡི་དགས་ཀྱི་ཁམསུ་སྐྱེ་བར་འགྱུ་རོ་ཞེས་མཆིའོ།།བདག་གིས་དེ་ལ་ཐབས་ཅི་བགྱི་ན།ཡི་དགས་ཀྱི་སྡུག་བསྔལ་དེ་ལས་ཡོང་སུ་ཐར་བར་འགྱུར་ཞེས།།
194b6 དྲིས་ན།དེས་བདག་ལ་ཁྱོད་ཀྱིས་ཡི་དགས་གང་གཱའི་ཀླུང་གིས་བྱེ་མ་ཁྲག་ཁྲིག་བརྒྱ་སྟོང་སྙེད་ལ་གཏོར་མ་བྱིན་ཏེ།བྲམ་ཟེ་དང་དྲང་སྲོང་ལ་སོགས་པ་བརྒྱ་སྟོང་སྙེད་ལ།ཞལ་ཟས
194b7 མཆོག་དམ་པ་དུལ་ན་ཚེ་རིང་བར་འགྱུར་ཞེས་མཆིན་བཅོམ་ལྡན་འདས་བདག་གིས་ཇི་ལྟ་བུར་ཡི་དགས་དང་དྲང་སྲོང་ལ་སོགས་པ་དེ་སྙེད་ཀྱི་ཁ་ཟས་འབྱོར་པར་འགྱུར།དེ་ནས




iiif viewer powered by OpenSeadragon

194a - 195a

Texts on this page

N613 - yi dwags kha nas me 'bar ba la skyabs mdzad pa zhes bya ba'i gzungs