e-texts navigator
Collection
Volume
Page
Wylie

191b1 ཆོས་ནངོན་སུམ་དུ་བྱེད་པ་ན།མཚན་མོ་ནམ་གྱི་ཆ་སྨད་ལ་དེའི་མདུན་དུ་ཡི་དགས་མོ་ཁ་འབར་མ་འདུག་ནས་སྨྲས་པ།ཀྱེ་ཀུན་དགའ་བོ་ཁྱོད་གནངས་འཆི་བར་འགྱུར་ཏེ།ཡི་དགས་ཀྱི་གནས
191b2 འདིར་སྐྱེ་བར་འགྱུརརོ།།ཀུན་དགའ་བོས་སྨྲས་པ།བརྟེན་པའི་ཐབས་ཅི་ཡོད།ཡི་དགས་མོས་སྨྲས་པ།ཀུན་དགའ་བོ་ག་རེ་ཏེ་ནང་པར་ཡི་དགས་གང་གཱའི་ཀླུང་གི་བྱེ་མ་ཁྲ་ཁྲོབ་ཕང
191b3 འབུམ་གྱི་བྱེ་མ་སྙེད་དག་ལ།ཡི་དགས་རེ་རེ་ལ་ཡང་ཟས་དང་།སྐོམ་ཡུལ་མ་ག་དྷཱའི་བྲེ་བོ་ཙམ་བྱིན་ཏེ།བྲམ་ཟེའི་དྲང་སྲོང་འདུམ་ཡང་ཚིམ་པར་བྱས་ལ།བདག་གི་མིང་གོས་དཀོན།
191b4 མཆོག་གསུམ་པ་མཆོད་པ་བྱས་ན་དེ་ལྟར་ན་ཁྱོད་ཀྱི་ཚེ་ཡང་ཕྱིར་ནུར་བར་འགྱུར་ལ།བདག་ཀྱང་ཡི་དགས་ཀྱི་འཇིག་རྟེན་ནས་ཤི་འཕོས་ཏེ།མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར།།
191b5 དེ་ནས་ཀུན་དགའ་བོས།ཡི་དོགས་མོ་ཁ་འབར་མ་རིང་ཅིང་མྱངག་ངན་ལ།ལུས་སྐེམ་པ་ཁ་ནུས་མེ་ལྕེ་འབར་བ།ལྟོ་དང་ཁསྐམ་པ།རོལ་པའི་ཕུང་པོ་གཡེངས་པ།སྤུ་དང་།སེཾནྡ།
191b6 མོ་རིང་བ་མཐོང་སྟེ།ཚིག་མི་སྙན་ཅིང་ཡིད་དུ་མི་འོང་བ་དེ་ཐོས་ནས་སྐྲག་ཅིང་སྤངས་ཏེ།སྤུ་ཟིང་ཞེས་བྱས་ནས།སྟན་ལས་ལངས་ཏེ་ཤིན་ཏུ་རིངས་པ་དང་།ཤིན་ཏུ་མྱུར་བའི་ཤུགས་ཀྱི
191b7 བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས།བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ།འདར་བཞིན་དུ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་སྐྱབས་མཛད་གསོལ




iiif viewer powered by OpenSeadragon

191a - 192a

Texts on this page

N612 - yi dwags mo kha 'bar ma dbugs dbyung ba'i gtor ma'i cho ga