e-texts navigator
Collection
Volume
Page
Wylie

189b1 ཀྱང་འདི་ཉིད་ཀྱི་ནང་དུ་བསྡུས།ནམ་མཁའ་ལྡིང་ཡང་འདི་ཉིད་ཀྱི་ནང་དུ་བསྡུས།ནོར་འཛིན་ཡང་འདི་ཉིད་ཀྱི་ནང་དུ་བསྡུས།རླུང་ལྷ་ཡང་འདི་ཉིད་ཀྱི་ནང་དུ་བསྡུས།སྒྱུ་མ་ལེན་གྱི་བུ་པ་རོ་ཌཱ
189b2 རུད་དོ་ཡང་འདི་ཉིད་ཀྱི་ནང་དུ་བསྡུས།ཕུང་པོ་འཛིན་དང་།མདུང་ཐུང་འཛིན་ཀྱང་དེ་བཞིན་དུ་བསྡུས།དེ་བཞིན་དུ་བློན་པོ་དང་བཅས་པ་དང་།འཁོར་དང་བཅས་པ་ཡང་འདི་ཉིད་ཀྱི་ནང་དུ
189b3 བསྡུ་སོ།།ཀུནྡ་ནས་དཔག་ཚད་དེ་རྒྱུ་དག་ཏུ།།ང་ཡིས་ཆད་པ་དག་བྱས་པས།།ངལ་འབྱུང་བས་བྱར་ཅི་ཡོད།།ང་ཡིས་སྣང་བ་ཐམས་ཅད་བཅོམ།།གསོད་པར་གྱུར་པ་སྟོབས་ངོ་།
189b4 རོ་ལོངས་དག་གིས་བྱར་ཅི་ཡོད།།དེ་དག་ཀྱང་ནི་ངའི་ཞགས་པས།།ཀུན་ནས་ཡོངསུ་བསྐོར་བ་ཡིན།།ཞགས་པ་ཀུན་གྱིས་དེ་དག་ཀྱང་།།རྨུགས་ཤིང་ཤིན་ཏུ་རྨོངས་པར་བྱས།།
189b5 འདི་ཡིས་བདག་གིས་ཀུན་འགྲུབ་ཅིང་།།གསང་སྔགས་ཚིག་རྣམས་གྲུབ་གྱུར་ཅིག།ནཱ་མཿསིད་དྷ་ནཱན།སིད་དྷཱ་ན་ཏུ་མམྦྷ་པཱ་དཱ་སྭ་སྟིར་མི་སརྦ་སཏྭཱཉྩ་སྭཱ་ཧཱ།སངས་རྒྱས་ཀུན་གྱིས
189b6 སྟོབས་གང་དང་།།དགྲ་བཅོམ་རྣམས་ཀྱི་སྟོབས་གང་དང་།།དམ་པའི་ཆོས་ཀྱི་གཟི་བརྗིད་ཀྱིས།།བདེ་ལགསུ་ནི་རབ་གྱུར་ཅིག།འཕགས་པ་སངས་རྒྱས་ཀྱིས་གཟི་ཡིས།།རྟག་ཏུ
189b7 འཇིགས་པ་ཐམས་ཅད་ལ་སྭཱཧཱ།ཆོ་ག་ནི་ལན་དྲུག་ཅུ་རྩ་གཅིག་བཟླས་བརྗོད་བྱས་ཏེ།ཀཽ་མེ་རུ་དང་བལ་གཙང་མ་ལ་སོགས་པའི་སྐུད་པ་དམར་པོ་ལ་མདུད་པ་བོར་རོ།།དེ་བཞིན་དུ




iiif viewer powered by OpenSeadragon

189a - 190a

Texts on this page

N609 - 'phags pa ro langs bdun pa zhes bya ba'i gzungs