e-texts navigator
Collection
Volume
Page
Wylie

170a1 བྱས་ལ་གནས་ནི།།མགོན་པོའི་གཟུགས་ཀྱང་སྨོས་ཆུས་བཀྲུ།།གྲུ་གསུམ་དབུས་སུ་བླངས་བྱས་ལ།།དགྲ་བོའི་མིང་རུས་སྙིང་ཁར་གཞུག།ཞག
170a2 བདུན་བསྒྲུབས་ལ་དགྲ་ལ་སྐྱལ།། ནུ་ཀ་ནི་མྱུར་དུ་བརླག།དཔལ་མགོན་པོ་ནག་པོའི་རྒྱུད་ལས་མ་གྲུབ་ན།སྤོགས་དེའི་ཆོ་ག་དང་གསོ་བའི་ལེའུ་སྟེ་ལྔ་པའོ།།
170a3 དེ་ནས་ཡང་དག་བཤད་བྱ་བོ།།བྱ་ནག་འབུར་ཞིང་ལྡང་བ་དང་།།མོན་པ་ཨ་ཙ་ར་དང་ནི།།དགེ་བ་ཤེས་བནྡེ་སློབ་དཔོན་དང་།།འོད་དང་སྒྲ་དང་ཁང་པ་འཚོག།མགོན་པོའི
170a4 སྐུ་དྲུག་དངོསུ་མཐོང་།།དགྲ་ལ་དམག་དྲངས་སེམས་ཅེན་བསད།།མི་ནག་དག་ལ་སྙིང་སྟོབས་དང་།།མཛེ་བོ་དང་ནི་སྤྲང་པོ་དང་།།བྱ་ནག་ཐེང་ལ་ལྷུང་བ་འབྱུང་།།དཔལ
170a5 མགོན་པོ་ནག་པོའི་རྒྱུད་ལས་རྟགས་ཀྱི་རིམ་པའི་ལེའུ་སྟེ་དྲུག་པའོ།།།།དེ་ནས་ཡང་དག་བཤད་བྱེ་བ།།སེར་བ་དབབ་པའི་ལས་བྱ་ན།།མོན་ནམ་མཛེ
170a6 ཅན་ཐོད་པ་རུ།།འཁོར་ལོ་རྩིབས་བཞི་བྲིས་ནས་ཀྱང་།།རིགས་ལྔ་ཀླུ་ཡི་ས་བོན་དགོད།།རྩིབས་མཚན་སེར་སྔོན་མིང་རུས་དང་།།ཡུལ་དུ་པོབ་ཅེས་བྱ་བ་བྱི།།དེ་མཐར
170a7 འཁོར་ལོ་རྩིབས་དགུ་ལ།།དྲེགས་པའི་སྔགས་དག་བྲི་བར་བྱ།།རྒྱབ་ཏུ་གང་ཡིན་ཡུལ་མིང་དང་།།རླུང་གི་སྙིང་པོ་བྲོ་བར་བྱ།།བདག་ཉིད་པདྨ་ཁྲོས་པོར་སྒོམ།།གསང




iiif viewer powered by OpenSeadragon

169b - 170b

Texts on this page

N602 - dpal nag po chen po'i rgyud