e-texts navigator
Collection
Volume
Page
Wylie

169a1 ཅིང་སྒྲུབ་པའི་ལེའུ་སྟེ་གཉིས་པའོ།།།།དེ་ནས་ཡང་དག་བཤད་བྱ་བ།།སངས་རྒྱས་བསྟན་པ་བཤིག་པ་དང་།།ནག་པོ་ཆེན་པོས
169a2 བསྒྲལ་འདོད་ན།།སྟེགས་བུ་གྲུ་བཞི་བྱས་ནས་ཀྱང་།།དྲག་པོ་ཨེ་ནའི་ནང་དུ་ནི།།ཕོ་མོ་རབ་ཆང་ཐོད་པའི་ནང་།།གཟུགས་ནི་སྤྲོ་ཚིལ་དག་ལ་བྱ།།མིང་རུས་དག་ནི་བཀོད་ནས་ཀྱང་།།
169a3 བསད་དང་ན་བ་སྐབས་དང་སྦྱར།།མགོན་པོའི་སྐུ་དང་དམ་རྫས་རྣམས།།ཁ་དང་ཁ་ལ་བགོད་པར་བྱ།།ཕག་ཐོད་ནང་དུ་ཐུན་རྫས་བླུགས།།རྟག་གཏོར་རྒྱུན་གཏོར་གཡས་དང
169a4 གཡོན།།གསང་སྔགས་འདི་ཡིས་བསད་པར་བྱ།།ོཾ་བཛྲ་མཏྨ་ཀ་ལ་ཀྵི་ཀྵེ་ཏྲ་དིགྷྣཱཾ་བི་ནཱ་ཡ་ཀ་ཧཱུཾ་ཧཱུཾ་ཕཊ།ོཾ་མཧཱ་ཀཱ་ལཱ་ཡ་ཤཱ་ས་ན་ཨུ་པ་ཧ་རི་ཎི་ཨེ་ཥ་ཨ་པ་ཤྩི་མ་ཀཱ་ལོ་ཨ་ཡཾ
169a5 ཨི་དཱཾ་རཏྣ་ཏྲ་ཡ་ཨོཾ་པ་ཀཱ་རི་ཎཾ་ཡ་དི་པཱ་ཏི་དྷྭཾ་སྨ་ར་སི་ཏ་དཱ་ཨི་དཾ་དུཥྚཾ་ཁ་ཁ་ཁྱཱ་ཧི་ཁཱ་ཧི།མཱ་ར་མཱ་ར།གྲྀཧྞ་གྲིཏྟ།བནྡྷ་བནྟ།ཧ་ན་ཧ་ན།ད་ཧ་ད་ཧ།པ་ཙ་པ་ཙ།དི་ན་མེ་ཀེ་ན
169a6 དགྲ་བོ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ།ཧཱུཾ་བ~ཾ་ནཱ་ཡཾ་ཀ་བི་ལས་ཏྲྀ་བི་ཛི་ཧཱུཾ་ཛ~ཾ་སི་མ་བུ་བི་ནཱ་ཡ་ཀ་ཨ་མུ་ཀ་བྲི་སྲོག་ཏུར་ཐུམས་ཛ་མཱ་ར་ཡ་རྦད།དྲག་སྔགས་བཟླས་ཤིང་ཐུན་གྱིས་བྲབ།།ཞག
169a7 བདུན་བར་དུ་སྨྲ་མི་བྱ།།དེ་ལ་རྟགས་རྣམས་རྫོགས་པར་འགྱུར།།དཔལ་ནག་པོ་ཆེན་པོའི་རྒྱུད་ལས་ལུས་སྲོག་དབྱེ་བའི་ལེའུ་གསུམ་པའོ།།།




iiif viewer powered by OpenSeadragon

168b - 169b

Texts on this page

N602 - dpal nag po chen po'i rgyud