e-texts navigator
Collection
Volume
Page
Wylie

168b1 སྲོག་སྔགས་བྲི་བར་བྱ།།ལྔ་ཡི་ནང་དུ་བླ་རྡོས་དྲིལ།།སྤོས་དང་རྒྱུན་གཏོར་གཏང་བར་བྱ།།དཀོན་མཆོག་སྤྱིལ་མཆོད་པ་བཤམ།།དེ་ནས་པདྨར་བདག་བསྒོམས་ལ།།ཐུགས་ཀཱ་དྷི་ལས།
168b2 འོད་འབྲོས་པས།།བླ་མ་སངས་རྒྱས་ལ་སོགས་པ།།རང་གི་མདུན་དུ་བསམ་བྱས་ལ།།མཆོད་པ་རྣམ་ལྔ་དབུལ་བར་བྱ།།རྣམ་དག་བདུན་གྱི་འོག་ཏུ་ནི།།ཆད་མེད་བཞི་པོ་བསྒོམ
168b3 བར་བྱ།།བཏང་སྙོམས་ལ་སོགས་བཻ་རཾ་ཏྲི།།བད་སྟེངས་ཡི་གེ་ཏྲཱུཾ་ལས་ནི།།ནག་པོ་ཞལ་གཅིག་ཕྱག་དྲུག་པ།།གྲི་གུག་ཕྲེང་བ་ཌ་མ་རུ།།ཐོད་པ་མདུང་དང་ཞགས་པ་བསྣམས།།གཡས
168b4 གཡོན་རིམ་པས་བསྣམས་པའོ།།སྦྲུལ་དང་རིན་ཆེན་རྒྱན་གྱིས་བརྒྱན།།སྐུ་སྨད་པ་ཏི་ཁྲ་བོ་གསོལ།།སྟག་ལྤགས་ཞིང་གི་ཤམ་ཐབས་ཅན།།གཏུམ་པོ་སྤྱན་གསུམ་མཆེ་བ་བཅིགས།།
168b5 དཔྲལ་བར་དྲི་ཡི་ཐིག་ལེས་རྒྱན།།སྤྱི་གཙུག་མི་བསྐྱོད་སྤྲུལ་སྐུ་བརྟན།།དེ་ལྟར་བདག་མདུན་གསལ་བསྒོམས་ནས།།སྤྱན་དྲངས་མཆོད་དང་བཟླས་པ་བྱ།།གཏོར་མ་པཱུ་རྡུ་ལ་སོགས
168b6 པས།།ནག་པོ་ཆེ་ལ་སྦྱིན་པར་བྱ།།མགོན་པོའི་ཐུགས་ཀིའི་ཧཱུཾ་ལས་ནི།།སྲོག་གི་ཡི་གེ་གཡས་ནས་བསྐོར།།ཁོར་ཡུག་དག་གིས་བཟླ་བར་བྱ།།ོཾ་བཛྲ་མཱ་ཧཱ་ཀ་ལ་ཀྵཾ་ཀྵེ་ཏྲི་གྷྣ
168b7 བི་ནཱ་ཡཾ་ཀ་ཧཱུཾ་ཧཱུཾ་ཕཊ།དེ་སྐད་ཅེས་ནི་རབ་བརྗོད་པས།།རྣལ་འབྱོར་བར་ཆད་བྱེད་པ་རྣམས།།ནག་པོ་གྲུབ་པའི་རྟགས་རྣམས་འབྱུང་།།དཔལ་ནག་པོ་ཆེན་པོའི་རྒྱུད་ལས་བསྙེན




iiif viewer powered by OpenSeadragon

168a - 169a

Texts on this page

N602 - dpal nag po chen po'i rgyud