e-texts navigator
Collection
Volume
Page
Wylie

167b1 ཀླག་པར་བྱའོ།།སྔགས་པས་བསྒྲུབ་བྱའི་སྔགས་བལྟས་ལ།དུས་གསུམ་དུ་བརྒྱད་བརྒྱ་བཟླས་པ་བྱའོ།།ཇི་ལྟར་རྙེད་པའི་བཅོམ་ལྡན་འདས་མུ་ནོར་རྒྱུན་མའི་རྟོག་པ་རྫོགསསོ།།
167b2 རྒྱུ་གར་སྐད་དུ།ཤྲཱི་མ་ཧཱ་ཀཱ་ལ་ཏནྟྲ།བོད་སྐད་དུ།དཔལ་ནག་པོ་ཆེན་པོའི་རྒྱུད།དབང་གི་རྟ་མཆོག་སྐུ་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གི་ཐོས་པ་དུས་གཅིག་ན།
167b3 ཤར་ལྷོའི་དུར་ཁྲོད་ཆེན་པོ་ཧ་ཏ་དྲག་ཏུ་དགོད་པའི་གནས་ཤིང་ཅན་དན་གྱི་ནག་ཚལ་རབ་ཏུ་དགའ་བའི་མིང་ཞེས་བྱ་བ་མི་མ་ཡིན་ཕོ་མོ་མང་པོ་འདུས་པའི་ཕོ་བྲང་དུ།དཔལ་ནག་པོ་ཆེན་པོ
167b4 ཞེས་བྱ་བ་ནི་ཡ་ཀ་ལ་སོགས་ཏེ་འཁོར་གདུག་པ་ཅན་རྣམས་ཀྱི་དབུས་ན་སྐྱེ་འགྲོ་སེམས་ཅན་རྣམས་ཀྱི་སྲོག་དབུགས་ལ་དབང་བྱེད་པའི་ནག་པོ་ཆེན་པོ་ཞེས་བྱ་བ་གཅིག་ཡོད་དེ།དེའི
167b5 ཚེ་དེའི་དུས་ན་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་མཐར་བྱེད་རྟའི་རྒྱལ་པོ་ཞེས་བྱ་བ་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པའི་འཁོར་གྱིས་བསྐོར་ཏེ།དྲེག་པ་ཅན་འདུལ་བའི་ཏིང་འཛིན་ལ་སྙོམས
167b6 པར་ཞུགས་ནས་ལྕོགས་ཀྱུའི་ཕྱག་རྒྱ་བཅས་ནས།ོཾ་བཛྲ་ཀྲོ་དྷ་ཏ་ཡཽ་གྲི་བ་ཧཱུཾ་ཧུ་ལུ་ཧུ་ལུ་ཧཱུཾ་བཾ་ཞེས་བརྗོད་པས།དུར་ཁྲོད་ཧ་ཧ་དྲག་ཏུ་དགོད་པའི་གནས་ནས་ནག་པོ་རང་དབང་མེད་པར
167b7 འཆར་བྱེད་ཏའི་རྒྱལ་པོའི་མངོན་དུ་བྱུང་སྟེ་ལས་ཙེ་བྱ་ཟེར་ཞིང་དེ་རྟོགས་སྲོག་གི་སྙིང་ངེ་འདི་མ་ས་གསོལ་དུ་རྡུལ་བ།ོཾཿཛྲ་མཧཱ་ཀཱ་ལ~ཾ་ཧཱུ~ཾ་ཧཱུ~ཾ་ཏྲ་ཛཛྙཱ་བི་ནཱ་མ་ཀ་དྷུ་ཧཱུཾ་ཕཊ་ཞེས་ཕུལ་ལོ།།




iiif viewer powered by OpenSeadragon

167a - 168a

Texts on this page

N601 - bcom ldan 'das ma nor rgyun ma'i gzungs kyi rtog pa
N602 - dpal nag po chen po'i rgyud