| | e-texts navigator
|
153b1 རླུང་ཡང་གྱི་དེའི་ཆོས་བདུན་ནས་བརྩམས་ཏེ་གསོ་སྦྱོང་དང་ལྡན་པར་བྱས་ནས།ཆོ་ས་བཅུ་བཞིའི་བར་དུ་གཟའ་རྣམས་ལ་མཆོད་པར་བྱས་ཏེ་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་འདི་དག་སྟོན།
153b2 པར་བྱའོ།།དེ་ནས་ཟླ་བ་ཉའི་ཉིན་མཚན་ཐོབ།ཐོག་བཀླགས་ན་དེ་དག་ལ་ལོ་དགུའི་བར་དུ་འཆི་བའི་འཇིགས་པ་མི་འབྱུང་།།གཟའི་འཇིགས་པ་དང་།སྐར་མདའ་ལྷུང་བ་དང་།རྒྱུ་སྐར
153b3 གནོད་པས་འཇིགས་པར་མི་འགྱུརརོ།།ཚེ་རབས་དྲན་པར་འགྱུརརོ།།གཟའ་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུརརོ།།གཟའ་ཐམས་ཅད་ཀྱིས་ཅི་འདོད་པ་སྦྱིན་པར་བྱེད་དོ།།དེ་ནས་བཅྡོཾས
153b4 ལ་གཟའ་རྣམས་ཀྱིས་ཕྱག་འཚལ་ཏེ།ལེགསོ་ལེག་སོ་ཞེས་གསོལ་ཏེ།མི་སྣང་བར་གྱུར་ཏོ།།གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་རྫོག་སོ།།།རྒྱ་གར་སྐད་དུ།
153b5 གྲྀ་ཧ་མཱ་ཏྲི་ཀ་ནཱ་མ་དྷ་རརྟྟི།བོད་སྐད་དུ།གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།།འདི་སྐད་བདག་གིས་ཐོས
153b6 པ་དུས་གཅིག་ན།བཅོམ་ལྡན་འདས་འབྲོག་གནས་ཀྱི་གྲོང་ཁྱེར་ན།ལྷ་དང་།ཀླུ་དང་།གནོད་སྦྱིན་དང་།སྲིན་པོ་དང་།དྲི་ཟ་དང་།ལྷ་མོ་ཡིན་དང་།ན་མཁའ་ལྡིང་དང་།མིའམ
153b7 ཅི་དང་།ལྟོ་འཕྱེ་ཆེན་པོ་དང་།བདུད་དང་།ཉི་མ་དང་།ཟླ་བོ་དང་།མིག་དམར་དང་།པ་བ་སངས་དང་།ཕུར་བུ་དང་།གཟའ་ལག་པ་དང་།སྤེན་པ་དང་།སྒྲ་གཅན་དང་།
iiif viewer powered by OpenSeadragon
153a - 154a