e-texts navigator
Collection
Volume
Page
Wylie

152a1 སྤང་བ་དང་།ཆད་པ་སྤང་བ་དང་།དུག་བཞིལ་བ་དང་།དུག་བསད་པ་དང་།མཚམས་བཅད་པ་དང་།ས་བཅིང་བ་རྣམས་བགྱིད་པར་འགྱུར་བ་བཤ་དུ་གསོལ
152a2 དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གཟའ་རྣམས་མཆོད་པ་དང་།གསང་སྔགས་བཀའ་སྩལ་ཏོ།།ོཾ་མེ་གྷོལླཱ་ཡ་སྭཱ་ཧཱ།ོཾ་ཤཱི་ཏི་ཤ་བེ་སྭཱ་ཧཱ།ོཾ་རཀྵ
152a3 ཨེ་ག་ཀུ་མཱ་རཱ་ཡེ་སྭཱ་ཧཱ།ོཾ་བུད་དྷཱ་ཡ་སྭཱ་ཧཱ།ོཾ་བྷྱོ་གྷ་སྠ་ཏ་ཡེ་སྭཱ་ཧཱ།ོཾ་ཨ་སུ་རོད་ཏ་མཱ་ཡ་སྭཱ་ཧཱ།ོཾ་ཀྲྀཥྞ་བརྟྟ་ཡ་སྭཱ་ཧཱ།ོཾ་ཨ་མྲྀ་ཏ་པྲཱི་ཡཱ་ཡ་སྭཱཧཱ།ོཾ་ཛྱཾ་ཏིཥྛི་ཏ་བྱཾ་སྭཱ་ཧཱ།ལག་ན
152a4 རྡོ་རྗེ་འདི་དག་ནི་བཟའ་དགུའི་གསང་སྔགས་ཀྱི་སྙིང་པོ་བཀླགས་པས་གྲུབ་པ་ཡིན་ཏེ།ཁ་དོག་དང་འཐུན་པར་སྤོས་ཀྱི་དཀྱིལ་འཁོར་སོར་བཅུ་གཉིས་པ་བྱས་པའི་དབུས་སུ་མཆོད་པར་བྱའོ།།
152a5 ཁམ་པའམ།ཟངས་ལ་སོགས་པའམ།གསེར་དང་།དངུལ་གྱི་སྣད་དུ་མཆོད་ཡོན་ཕུལ་ནས།རེ་རེ་ལ་ཡང་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱའོ།།ལག་ན་རྡོ་རྗེའི་དེའི་འོག་ཏུ་གཟའ
152a6 རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་ལན་བདུན་བརྗོད་པར་བྱའོ།།དེ་ནས་གཟའ་རྣམས་ཐམས་ཅད་སྲུང་བར་བྱེད་པར་འགྱུར།།དབུལ་པོའི་གདོན་ལས
152a7 ཐར་བར་འགྱུར་རོ།།ཚེ་ཟད་པ་ལས་ཚེ་རིང་པོར་བྱེད་པར་འགྱུརརོ།།ལག་ནི་རྡོ་རྗེ་དགེ་སློང་དང་།དགེ་སློང་མ་དང་།དགེ་བསྙེན་དང་།དགེ་བསྙེན་མ་དང་།གཞན་ཡང་སེན




iiif viewer powered by OpenSeadragon

151b - 152b

Texts on this page

N597 - 'phags ma gza' rnams kyi yum zhes bya ba'i gzungs