| | e-texts navigator
|
151a1 བསྐོར་བ་བྱས་ཏེ།ཕྱག་འཚལ་ནས་སྤྱན་སྔར་འདུག་སྟེ།བསྙོམས་པ་དང་བཅས་པས་སྐྱིལ་མོ་ཀྲུང་ལེགས་པར་བཅས་ནས།འཁོར་དེ་དག་ལ་འགྱིང་བག་ཏུ
151a2 བལྟས་ཏེ།རྡོ་རྗེའི་ཐལ་མོ་རང་གི་སྙིང་ཁར་བཞག་ནས།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་གཟའ་མི་བཟད་པ།མི་ཟད་པའི་གཟུགས་ཅན།དྲག་ཤུལ།
151a3 ཅན་གྱི་སེམས་དང་ལྡན་པ།ཁྲོ་བོ་ཁྲོ་བའི་གཟུགས་ཅན་དང་།།སེམས་ཅན་ཐམས་ཅད་ལ་འཚེ་བར་བགྱིད་པ།ཐོ་འཚམས་པར་བགྱིད་པ།མདངས་ཀྱང་འཕྲོག་པར་བགྱིད་ཅིང་།ཁ
151a4 ཅིག་ནོར་ཟས་འཕྲོག་པར་བགྱིད།ཁ་ཅིག་སྲོག་འཕྲོག་པར་བགྱིད།སེམས་ཅན་ཚེ་རིང་བ་ཁ་ཅིག་ནི་ཐུང་ངུར་བགྱིད་དོ།།དེ་ལྟར་སེམས་ཅན་ཐམས་ཅད་ལ་གནོད་ཅིང་འཚེ་བར
151a5 བགྱིད་པ་དེ་རྣམས་ཀྱི་སླད་དུ།བཅོམ་ལྡན་འདས་ཀྱི་ཆོས་ཀྱི་རྣམ་གྲངས་གང་གིས་སེམས་ཅན་ཐམས་ཅད་ལ་སྲུང་བར་འགྱུར་བ་བཤད་དུ་གསོལ།བཅོམ་ལྡན་འདས་ཀྱིས་བཀའ
151a6 སྩལ་པ།གང་ཡང་ཁྱོད་ཀྱི་སྙིང་རྗེ་བསྐྱེད་པས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་གསང་ཆེན་པས་ཀྱང་ཆེས་གསང་བ་དེ་བཞིན་གཤེགས་པ་ལ་ཞུ་བར་བྱེད་པ་ནི་ལེགསོ
151a7 ལེགསོ།།དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་།གཟའ་མི་ཟད་པའི་གཟུགས་ཅན་ཤིན་ཏུ་ཁྲོ་བ་དང་།ཤིན་ཏུ་འཇིགས་པར་བྱེད་པ་རྣམས་ཀྱི་མཆོད་པ་དང་།
iiif viewer powered by OpenSeadragon
150b - 151b