| | e-texts navigator
|
150a1 དེ་དག་དང་།ལྷ་དང་མི་དང་།ལྷ་མ་ཡིན་དང་།དྲི་ཟར་བཅས་པའོ་འཇོག་རྟེན་ཡོ་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ་ཚོགས་ཀྱི།
150a2 འདག་པོའི་སྙིང་འི་རྫོག་སོ།།།།རྒྱ་གར་སྐད་དུ།པྲ་ཧ་མྦྷ་ཏྲི་ཀ་ནཱ་མ་དྷྱ་ར་ཎཱི།བད་སྐད་དུ།།གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས།སངས་རྒྱས་དང་བྱང་ཆུབ
150a3 སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ནི།བཅོམ་ལྡན་འདས་འབྲོག་གནས་ཀྱི་གྲོང་ཁྱེར་ཆེན་པོ་ནི།ལྷ་དང་།ཀླུ་དང་།གནོད་སྦྱིན་དང
150a4 སྲིན་པོ་དང་།དྲི་ཟ་དང་།ལྟོམ་ཡིན་དང་།ནམཔའ་ལྡིང་དང་།མི་འམ་ཙི་དང་། འཕྱེ་ཆེན་པོ་དང་།བདུད་དང་།ཉི་མ་དང་།ཟླ་བ་དང་།མྱིག་དམ་དང་།བཾ་བ་སོ་ས་དང
150a5 ཤུར་བུ་དང་།གཟླ་ལྷག་པ་དང་།སྦྱིན་པ་དང་།སྒྲ་གཙུན་འཛིན་དང་།འཇུག་རིང་སོ་རྣམས་དང་།རྒྱུ་སྐ་རེ་ཧཱུ~ཾ་ཤུ་རྩ་བརྒྱད་ལ་སོགས་པ་མང་པོ་རྣམས་ཀྱིས་བསྟོད་པ།རྡོ་རྗེ་ཆེན་པོས
150a6 དམ་ཚིག་གི་བྱིན་གྱིས་བརླབས་ཀྱི་རྡོ་རྗེའི་ཁྲི་ལ་བཞུགསོ།།བྱང་ཆུབ་སེམས་དཔའ་དུ་མ་དང་ཡང་ཐོབས་གཅིག་སྟེ།འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན
150a7 རྡོ་རྗེའི་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་གཽཏུམ་པོ་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྔོ་དང་།བྱང་ཆུབ་སེམས་དཔའ་སེམས་དཔོའ་ཆེན
iiif viewer powered by OpenSeadragon
149b - 150b