| | e-texts navigator
|
139b1 མཚན་འདི་དག་ཡི་གོར་བྲིསྟ་ན།།གདན་གཙང་མ་ལ་བཞག་སྟེ།པོག་པོར་མདུན་གྱིས་ན་མཁའ་ལ་གྱོན་དུ་འདུག་ཅིང་།དེ་བཞིན་གཤེགས་པའི་མཚན་རྣམས་ལན་ལྔ་བཅུའི་བཱར་དུ་བརྗོད
139b2 ལ་མཆོད་པ་ཆེན་པོ་བྱས་ཏེ།ཞག་བདུན་གྱི་བར་དུ་རྒྱུན་མ་ཆད་པར་བྱས་ན་ཆར་འབབ་པར་འགྱུར་རོ།།འཕགས་པ་སྤྲིན་ཆེན་པོ་ཀླུང་གི་དཀྱིལ་འཁོར་གྱི་ལེའུ་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཞེས
139b3 བྱ་བ་ཐག་པ་ཆེན་པོའི་མདོ་རྫོགསོ།།།རྒྱ་གར་སྐད་དུ།ཨཱརྱ་ནཱ་ག་ར་ཛེ་བཱི་ར་པྲི་ཙྪ་ནཱ་མ་དྷཱ་ར་ཎཱི།བོད་སྐད་དུ།འཕགས་པ་ཀླུའི་རྒྱལ་པོ་གཟི་ཅན་གྱིས་ཞུས་པ་ཞེས
139b4 བྱ་བའི་གཟུངས།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་ཡུལ་མ་ག་དྷ་ན།
139b5 ལུས་འཕགས་རིའི་དབང་པོ་བྲག་ཕུག་ན་བཞུགས་ཏེ།དེ་ནས་ཀླུའི་རྒྱལ་པོ་གཟི་ཙོན་ཁ་དོག་ཤིན་ཏུ་འཕགས་པ་དང་ལྡན་པ།ནམ་སྲོས་པ་དང་།བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ།
139b6 ཕྱིན་ནས།བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ལོ།།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ལུས་འཕགས་རི་འདི་ན།རིང་པོ་དག
139b7 དགེ་སློང་རྣམས་ལ་འཆེན།དེ་ལ་བདག་གིས་ཇི་ལྟར་མི་འཚེ་བར་བགྱི།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱི་ཀླུའི་རྒྱལ་པོ་གཟི་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།
iiif viewer powered by OpenSeadragon
139a - 140a