| | e-texts navigator
|
132a1 གཡོག་འཁོར་སྣ་ཚོགས་དང་བཅས་པ་བྲི་བར་བྱའོ།།ནུབ་ཕྱོགསུ་ཁྲུ་བདུན་ཙམ་དུ།ཀླུའི་རྒྱལ་པོ་མགོ་བདུན་པ།ཀླུའི་གཡོག་འཁོར་སྣ་ཚོགས་དང་བཅས་པ།
132a2 བྲི་བར་བྱའོ།།བྱང་ཕྱོགསུ་ཁྲུ་དགུ་ཙམ་དུ།ཀླུའི་རྒྱལ་པོ་མགོ་དགུ་པ།ཀླུའི་གཡོག་འཁོར་སྣ་ཚོགས་དང་བཙོས་པ་བྲི་བར་བྱའོ།།ཆོས་སྨྲ་བས་རང་གི་ལུས་བསྲུངས་ལ།བྱམས།
132a3 པ་ལ་གནས་ཏེ།སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་སེམས་ཉེ་བར་གཞག་ནས།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གསོལ་བ་བཏབ་ན་ཀླུ་རྣམས་དང་།དགེ་བའི
132a4 རྩ་བ་བགོ་བར་བྱ་སྟེ།འདི་ནི་ཆོ་གའོ།།གང་ཞིག་ཆར་མི་འབབ་པའིསྤྲིན་ཆེན་པོའི་ཀླུང་གི་དཀྱིལ་འཁོར་གྱི་ལེའུ་འདི་ཀློག་ན།ཉིན་ཞག་ཅིག་གམ་གཉིས་ནས་ཉིན་ཞག
132a5 བདུན་ཚུན་བཅད།གདོན་མི་ཟ་བར་ཆར་འབབ་པར་འགྱུརརོ།།རྒྱ་མཚོ་ནི་དུས་ལས་ཡོལ་ཡང་སྲིད་ཀྱི་ཐུབ་པ་ཆེན་པོའི་གསུང་རབ་ཆར་གྱི་ཆོ་ག་འདི་ནི་གཞན་དུ་མི་འགྱུར་རོ།།
132a6 དེ་ལྟ་མོད་ཀྱི་ཚུལ་ཁྲིམས་དང་།ཡོན་ཏན་ལ་གནས་ཏེ།འཆལ་བའི་ཚུལ་ཁྲིམས་དང་།ཤ་དང་ཉ་ལ་སོགས་པ་ཡོངསུ་སྤང་བར་བྱའོ།།འོ་ཐུག་དང་ཞོ་དང་འོ་མ་དང་།
132a7 འབྲས་ཅན་བུ་རམ་ཅན་ལ་སོགས་པ་དང་།མངར་གསུམ་ཟ་ཞིང་བཀླག་པར་བྱའོ།།དེ་ལྟར་ན་འགྲུབ་པར་འགྱུར་ཏེ།ཐུབ་པའི་རྒྱལ་པོས་གསུང་བ་བཞིན་དུ་ཐེ་ཙོམ་མེད
iiif viewer powered by OpenSeadragon
131b - 132b