| | e-texts navigator
|
131b1 ཀྱི་བྱིན་གྱིས་བརླབས་དང་།དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པ་དང་།བྱམས་པའི་ཐུགས་ཀྱིས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ།ན་མཿསརྦྦ
131b2 དྷོདྡྷབྷྱཿསིད་ཛྙཱན་དྷུ་མནྟ།བྷུང་ནི་སྭཱཛྫ།འཕགས་བ་སྤྲིན་ཆེན་པོ་ཟག་པ་རྒྱན་པའི་མང་སྟོང་ཕྲག་བརྒྱ་པ་ལས་ཚར་དབབང་རྙོང་གིས་དཀྱིལ་འཁོར་ཅེས་བྱ་བའི་འདུས་དུས་ཏུརྩབན
131b3 ཆོ་ག་ནི་ཆར་ཆེན་དབབ་པར་འདོད་ན།བླ་གབ་མེད་པའི་ས་ཕྱོགས་གཙང་མར་བླ་རེ་སྔོན་པོ་བྲེ།བཾ་དན་སྔོན་པོ་དཔྱང་ངོ་།།ཆོས་སྨྲ་བ་ལུས་བཀྲུས་ལ།ཡན་ལོག་བརྒྱད་པ་ལ་ཉེ་བར་གནས
131b4 ཤིང་།གོས་གཙང་མ་སྔོན་པོ་བསྒོས་ལ་སྤོས་དྲི་ཞིམ་པོས་བསྐུས་ནས།ཟས་དཀར་གསུམ་ཟོས་ལ།སྟན་སྔོན་པོའི་སྟེང་དུ་འདུག་ནས།ཁ་ཤར་ཕྱོགསུ་བལྟ་སྟེ།དེ་བཞིན་ག
131b5 པ་ཐམས་ཅད་ལ་གསོལ་བ་བཏབ་ནས།སྤྲིན་ཆེན་པོའི་དཀྱིལ་འཁོར་གྱི་ལེའུ་འདི་ཉིད་མཚན་རྒྱུན་མི་འཆད་པར་བཀླགས་པར་བྱའོ།།ཆུ་སྔོན་པོས་བཀང་བའི་བུམ་པ་གང་བ
131b6 བཞི་བཞག་པར་བྱའོ།།གཏོར་མ་དང་།བདུག་པ་དང་།མེ་ཏོག་ཅི་ནུས་ཀྱི་སྦྱར་རོ།།དེ་ལ་ཆོས་སྨྲ་བས།ཕྱོགས་བཞིར་བའི་ལྕི་བའི་ཁུ་བས་བྲི་བར་བྱ་སྟེ།ཤར་ཕྱོགསུ་ཁྲུ
131b7 གསུམ་ཙམ་དུ།ཀླུའི་རྒྱལ་པོ་མགོ་གསུམ་པ།ཀླུའི་གཡོག་འཁོར་སྣ་ཚོགས་དང་བཅས་པ།བའི་ཝཾ་བཱས་བྲི་བར་བྱའོ།།ལྷོ་ཕྱོགསུ་ཁྲུ་ལྔ་ཙམ་དུ་ཀླུའི་རྒྱལ་པོ་མགོ་ལྔ་པ།
iiif viewer powered by OpenSeadragon
131a - 132a