e-texts navigator
Collection
Volume
Page
Wylie

308a1 ཕྲེང་བ་རྣམ་པར་རྒྱན།།སྟག་གི་ལྤགས་པའིའོ་ན་བཟའ་གསོལ།།སྐུ་ཡང་ཚལ་གསུས་ཁྱིམ་ཆེ།།ཞལ་གྱི་དབྱིངས་ནི་དུ་མ་སྟེ།།སྒྲ་ནི་རྒྱ་མཚོ་འཁྲུགས
308a2 པ་འདྲ།།ཞལ་གཅིག་གཞུད་ཅིང་ཞལ་གཅིག་ཞི།།ཞལ་གཅིག་འཇིགས་པར་བགྲང་པོའི་ཞལ།།ཞལ་གཅིག་ཞལ་ནི་གདངས་པོ་སྟེ།།ལྗགས་ཀྱང་བསྐྱོད་པར་མཛད་པ
308a3 དང་།ཞལ་གཅིག་ཀྱང་ནི་མཆེ་བ་གཙིགས།།དེ་ལྟར་སྙིང་པོས་ལེགས་པར་ནི།།སྤྱན་དངས་མཆོད་ཡོན་དབུལ་བར་བྱ།།དེ་ནས་དྲི་དང་སྦྱར་བའི་ཆུས།།མཆོད་ཡོན
308a4 ཆོ་ག་བཞིན་ཕུལ་ནུས།།ཡི་དགས་ཀྱི་ནི་སྤྱི་བོར་ཡང་།།མེ་ཏོག་དམར་པོ་བཞག་པར་བྱ།།བློ་ཆེན་གྱིས་ནི་ཁྲོ་བོ་ལ།།དེ་ནས་ཙྪིན་དམར་པོ་དབུལ།།དྲི་ཡི་འོག་ཏུ་མེ་ཏོག།
308a5 རྣམས།།ནྡན་གྱི་ནི་གཏེར་མ་དབུལ།།མེ་ཏོག་མེ་ཏོག་གཏོར་མ་དབུལ།།མེ་ཏོག་མོ་ཏོག་ཕྲེང་བ་རྣམས།།མེ་ཏོག་སྔགས་ཀྱིས་དབུལ་བར་བྱ།།མེ་ཏིག་སྔགས་ཀྱིས
308a6 རིམས་བཞིན་དུ།།མེ་ཏོག་ཆོ་ག་བཞིན་ཕུལ་ནས།།རླུང་གི་སྙིང་པོ་སྔགས་ཀྱིས་ཀྱང་།།ཁྲོ་བོ་ཡི་ནི་སྤྱི་བོ་དང་།།ཁྲོ་བོ་གཙོ་བོའི་སྟེང་ཀར་ནི།།སྙིང་པོ་རྣམ་པར་དགོད
308a7 པར་བྱ།།མཚོགས་མར་དེ་ཡི་མཆོགས་མ་དང་།།དེ་ཡི་གཙུག་ཏུ་སྤྱི་གཙུག་བཞག།དེ་ཡེ་ལུས་ལ་གོ་ཆ་དང་།།མཚན་ཆའི་ཚོགས་ལ་མཚན་བཞག་སྟེ།།འདི་སྐད




iiif viewer powered by OpenSeadragon

307b - 308b

Texts on this page

N552 - khro bo rnam par rgyal ba'i rtog pa gsang ba'i rgyud