| | e-texts navigator
|
307b1 དེབཞིན་ཡི་དགས་འཛིན་སྔགས་ཀྱིས།།བྱིན་གྱིས་རློབ་པར་གསུངས་པ་ཡོན།།དེ་ཡི་ནང་དུ་རང་སྔགས་ཀྱིས།།བྱིན་གྱིས་རློབ་པར་བྱ་བའི་ཕྱིར།།རླུང་ལག་མགོ་བོ་དཔུང་པ་དང་།།
307b2 དེ་བཞིན་གཞན་ཡང་དཔུང་པ་དང་།།གཞོན་ཡང་དེ་བཞིན་ལག་པའི་ཕྲེང་།།ཐོད་པ་ཀང་རུས་མི་ལྤགས་རློན།།རོ་ཡི་ཕྲེང་བ་བསམ་པར་བྱ།།ད་ཡི་ནང་དུ་རང་སྔགས་ཀྱིས།།བྱིན
307b3 གྱིས་རློབ་ཏུ་གཞུག་པར་བྱ།།དེ་ལྟར་ཆོ་ག་བཞིན་བསམ་ནས།།འཇུག་ཏུ་ཁྲོ་བོ་གཤིན་རྗེའི་གཤེད།།སྔགས་བརྗོད་པས་ནི་སྤྱན་དྲངས་ནས།།རང་གི་སྙིང་གིས་བཞུགསུ་གསོ
307b4 ཁྲོ་བ་འཁྲུག་པ་འཇིགས་མཛད་པ།།སྐུ་ནི་མེ་ལྕེ་འབར་བ་འདྲ།།གཟི་བརྗིད་འཕགས་པ་བསམ་པ་ནི།།སྐུ་མདོག་སྟང་ཟིལ་བཅག་འཕྲོ་འདྲ།ཞལ་དྲུག་སྒྲ་ཡང་ཁྲམ་པོར་འདུག།
307b5 །སྨིན་མ་ཁམ་པ་མིག་ཀྱང་སེར།།སྤྱན་གསུམ་ནིག་ནི་ཟླུམ་པ་སྟེ།།ཕྱག་ནི་བཅུ་གཉིས་ཡི་གཟུགས།།དེ་བཞིན་ཡི་དགས་སྟེང་ན་བཞུགས།།ཞབས་དྲུག་གིས་ནི་མཛེས་པར
307b6 བྱིས།ཏྲི་ཤུལ་རལ་གྲི་དབྱུག་དོག་སྟེ།།སྦྱིན་པའི་ཕྱིར་ནི་ཕྱག་བརྐྱང་བ།།ལྕགས་ཀྱུ་ཡི་ནི་མཚོན་ཆ་དག།གཡས་པའི་ཕྱག་ན་དེ་བཞིན་བསྣམས།།དེ་བཞིན་གཡོན
307b7 པོའི་དྲུག་པོ་ཡང་།།ཐོད་པ་མདུང་ཐུང་མདའ་ངོ་ཆེ།།མཛུབ་མོས་བསྡིགས་དང་ཞག་པ་བསྣམས།།ཕྱག་ན་དབྱུག་ཏོ་བསམ་པར་བྱ།།མི་མགོ་རློནི་དང་སྐམ་པོ་དང་།།ཡི་དགས
iiif viewer powered by OpenSeadragon
307a - 308a