| | e-texts navigator
|
306b1 བྱེད་དང་ནི་འདྲ་བར་བྱ།།ཆོ་གྲཝ་བཞིན་དུ་དཀྱིལ་འཁོར་ཏེ།།ཀུན་ཏུ་བག་ནཱི་བཏབ་ནས་ཀྱང་།།ཕྱི་ནས་ཚུལ་བཞིན་རིག་འཛིན་གྱིས།།དུར་ཁྲོད་ཐལ་བས་བྲི་བཱ་ནི།།རྟག་ཏུ་བྱང་ཤར
306b2 ལོ་སོགས་པའི།།པྲ་ཡི་ནང་ནི་དེ་དག་ཏུ།།མཁས་པས་བེ་ཅོན་ཕྱག་རྒྱ་བྲི།།ཕྱོགས་ཀྱི་སྒོར་ནི་ཡི་དགས་གཞག།གཞན་ཡང་ཡི་དགས་ལྔ་པ་ནི།།པདྨའི་སྟེང་དུ་བསམ་པར་བྱ།།
306b3 དེ་བཞིན་ཕྱི་སྒོའི་ནང་དག་དང་།།ཕྱོགས་རྣམས་དེ་དག་ཐམས་ཅད་དུ།།མི་རྀ་མགོ་མེད་ཡཱི་དྭགས་རྣམས།།དུར་ཁྲོད་ཐལ་བསྡུ་དང་ར་ཏེ་བྲི།།དེ་ཕྱིར་ཡི་དགས་ཕལ་ཆེན་ཡིན།།
306b4 ཁྲུ་གང་ལོ་སྔགས་རིམ་པ་ནས།།ཁྲུ་བརྒྱད་པ་ཡི་བར་དུ་སྟེ།།དེ་ལས་ལྷག་པར་ཡོད་མི་བྲི།།རྟག་ཏུ་བདག་ཉིད་མཆོད་པ་ནི།།ཁྲུ་གང་པ་ནི་བྲི་བར་བྱ།།ཞི་བ་དང་ནི་རྒྱས
306b5 པ་དང་།།མི་རྒྱལ་སྒྲུབ་པ་ཁྲུ་དོར་བསྟན།།སེམས་ཅན་ཀུན་ནི་སྤྲད་པ་དང་།།དེ་བཞིན་གཞིག་ལ་ཁྲུ་གསུམ་པ།།ཁྲུ་བཞི་དབང་དང་དགུག་པ་ཡི།།ལས་རྣམས་ཀྱི་ནི་མཆོག
306b6 ཏུ་གསུངས།།ཁྲུ་ལྔ་ནད་དང་མི་ནད་དང་།།དགྲ་རྣམས་མེད་པར་བརྟུལ་བའི་མཆོག།ཁྲུ་དྲུག་བགེགས་རྣམས་ཐམས་ཅད་དང་།།གདོན་རྣམས་ངེས་པར་བཟློག་པར་བྱེད།།
306b7 ཁྭ་བདུན་པ་ནི་ལྷ་ཡི་རྣམས།།དབང་དང་དགུག་པའི་ལས་རྣམས་བྱེད།།ཁྲུ་བརྒྱད་པ་ནི་དངོས་གབ་ཀུན།།སྦྱིན་སྲེག་མཆོག་ཏུ་ཤེས་པར་བྱེ།།དེ་ལྟར་ཅི་རིགས་བྲིས་ནས་ནི།།
iiif viewer powered by OpenSeadragon
306a - 307a