| | e-texts navigator
|
306a1 བཛྲམཉམ་ཞིང་ཟུག་རྔུ་མེད་པ་ལ།།ཤར་དྲང་བྱུང་ནི་མཐོ་བ་དང་།།ཁ་དོག་སྣུམ་པ་ལྷག་པར་བཟང་།།བ་ལས་བྱུང་བ་རྣམ་ལྔ་དང་།།ལྡན་པ་ཡི་ན
306a2 ལྕི་བས་བྱུག།ཅི་རིགས་པར་ན་བྱུགས་ནས་ཀྱང་།།སློབ་དཔོན་གྱིས་ནི་ཁྱོས་བྱས་ནས།།སྦྱང་བ་བྱས་ཏེ་མཉམ་གཞག་ནས།།ཁྲོ་བོའི་སྲུང་བས་བྱིན་གྱིས་བརླབ།།ཡི་དགས
306a3 ཕལ་ཆེན་ཞེས་བྱ་བའི།།དཀྱིལ་འཁོར་གསང་མཆོག་ནུབ་མོ་བྲི།།ཟླ་མེའི་རིས་སམ་རས་བལ་ལས།།ཐིག་སྐུད་གསུམ་སྒྲིལ་མཛེས་པ་ཡི།།གྲུ་བཞི་དང་ནི་སྒོ་བཞི་པར།།
306a4 མཁས་པས་དཀྱིལ་འཁོར་ཐིག་བཏབ་སྟེ།།ཐོག་མར་ཤར་དང་བྱང་ནས་ནི།།ལྷོ་དང་ནུབ་ཀྱི་བར་དུའོ།།ཐིག་སྐུད་དེ་ནི་ཕྱོགས་ན་ཚམས་ནས།།དེ་ནས་ཀྱང་ནི་དྲང་བར་བྱ།།
306a5 ཤརཪྻ་དང་ལྷོ་ཡི་མཚམས་དང་ནི།།ནུབ་དང་བྱང་གི་མཚམས་དག་ཏུ།།ཐིག་གིས་རབ་ཏུ་ཚད་བྱས་ཏེ།།གྲུ་བཞི་པར་ནི་ཐིག་གང་པོ།།རིམ་པ་གཅིག་པ་མཛེས་པ་ལ།།སྒྲ
306a6 བཞི་དག་གིས་མཛེས་པར་བྱ།།ལྷོ་ཕྱོགས་ཀྱི་ནི་སྒོ་ཕྱེ་ལ།།ལྷག་མ་རྣམས་ནི་བཅད་པར་བྱ།།དཀྱིལ་འཁོར་དང་ནི་འཚམ་པ་ཡི།།དབུས་སུ་པདྨོ་བྲི་བར་བྱ།།པདྨ་རང་ནི
306a7 ཕྱོགས་བཞི་སྒོ།།ཐེ་ཚོམ་མེད་པར་མཉམ་པར་བྱ།།མཛེས་བྱེད་སྒོ་ཡི་ཕྱེད་དུ་བྱ།།འབྲམ་པ་མདབ་མའི་ཚད་དང་མཉམ།།ཉེ་བ་ཡི་ནི་མཛེས་བྱེད་ཀྱང་།།མཛེས
iiif viewer powered by OpenSeadragon
305b - 306b