| | e-texts navigator
|
305a1 ནྡན་ཀུན་ལྔ་སྐྱོང་བརྩོའིཕྱིར།།དྲ་མྲྀ་ཡཱནྟི་ནི་འགྱུར་གྱིས།།ཁྱེད་རྣམས་སྦྱ་སུ་དོང་བ་ཡི།།བྱང་ཆུབ་སྙོམས་དང་ལྡན་པ་ཡི།།ཐམས་ཅད་དྲན
305a2 ནི་སྒྲུབ་པའི་མཆོག།ཡི་གེ་འབྲུ་ནི་བཅུ་བདུན་པོ།།ང་ཡི་སྙིང་པོ་ཡིད་ལས་བྱུང་།།ལྷ་རྣམོས་ཀུན་གྱིས་གཟུང་བར་གྱིས།།གཤིན་རྗེའི་གཤེད་པོ་བདག་ཉིད་ཀྱི།།སྙིང
305a3 རབ་ཏུ་གསུངས་པ་ན།།དེ་ནས་ས་ནི་གཡོས་པར་འགྱུར།།རྒྱ་མཚོ་ཡང་ནི་རབ་ཏུ་འཁྲུགས།།གནོད་སྦྱིན་དང་ནི་སྲིན་པོ་དང་།།ཤ་ཟེ་ལ་སོགས་ཕུང་བར་འགྱུར།།ལྷ
305a4 རྣམས་ཀུན་ནི་ཕྱག་འཚལ་ཞིང་།།ཡན་ལག་ཀུན་ནས་སྤུ་ལངས་ནས།།གཤིན་རྗེའི་གཤེད་པོ་ཁྲོ་བོ་ཡི།།ཁྲོ་བོ་སྙིང་པོ་དེ་གཟུང་།།དེ་ནས་དམ་ཆོས་སྲུང་བའི་ཕྱིར།།ཁྲོ
305a5 བོ་རྣམ་པར་རྒྱལ་བ་ཡི།།རྟོག་པ་འདི་ནི་དེ་དག་ལ།།ག་ཤིན་རྗེའི་གཤེད་ཀྱིས་རྒྱས་པར་གསུངས།།དེ་ནས་ཁྲོ་བོ་རྣམ་རྒྱལ་གྱིས།།རྟོག་པ་ཁྲོ་བོ་ཉིད་ཀྱིས་གསུངས།།སྙིང
305a6 རྗེ་བྱང་ཆུབ་སེམས་ལྡན་པའི།།ལྷ་རྣམས་ཀྱིས་ཐོས་དགའ་གྱུར་ནས།།དཀོན་མཆོག་གསུམ་ནི་སྲུང་བའི་ཕྱིར།།སོ་སོ་ཡི་ནི་རྟོག་པ་བཤད།།དེ་དག་གི་ནི་རྩ་བའི་རྒྱུད།།
305a7 ཁྲོ་བོ་ཉིད་ཀྱིས་རབ་གསུངས་པ་ཁྲོ་བོ་རྣམ་རྒྱལ་ཞེས་བྱ་འདི།།འཇིག་རྟེན་འདས་དང་འཇིག་རྟེན་པས།།སྔོན་ནས་ཕྱག་བྱས་ནི
iiif viewer powered by OpenSeadragon
304b - 305b