| | e-texts navigator
|
179b1 དང་།ཉན་ཐོས་ཆེན་པོ་དེ་དག་དང་།འཕགས་པ་བྱམས་པ་དང་།འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་།རྒྱལ་པོ་ཆེན་པོ་བཞི་དང་།ལྷ་དང་མི་དང
179b2 ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རེངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པོ་ལ་མངོན་པར་བསྟོད།།འཕགས་མ་རིག་སྔགས་ཀྱི་རྒྱལ་མོ་སྒྲོལ་མ་མཆོག་གི་གཟུངས་རྫོགས
179b3 སོ།།།རྒྱུ་གར་སྐད་དུ།ཨཱརྱ་སྱཱཥྚ་དེ་བི་དྷཱ་རཱ་ཏྣཾ།བོད་སྐད་དུ།འཕགས་པ་ལྷ་མོ་བརྒྱད་ཀྱི་གཟུངས།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག
179b4 འཚལོ།།དེ་ནས་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པའི་ཡུམ་སྡིག་པ་ཐམས་ཅད་བྱང་བར་མཛད་མ།ནད་ཐམས་ཅད་རབ་ཏུ་ཞི་བར་མཛད་མ།བགེགས་ཐམས་ཅད་རབ་ཏུ་འཇིགས་པར
179b5 མཛད་མ།ཕུན་སུམ་ཚོགས་པ་ཐམས་ཅད་མཛད་མ།གཟུངས་སྔགས་ཆེན་མོའི་རྒྱལ་མོ་མཆོག་འདི་གསུང་སོ།།ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ།ཏེ་ཏེ་བུ་དྷརྨཱ་ཏཱ་རི།
179b6 སརྦ་པཱ་བ་ན་ཤ་ནཾ།བརྫ་གཿ།བྷ་ན་ཛ་བྷན་ཛ།མརྡ་མཛ།གླ་མོ་རི་ག་མ་བྷ་རཱི།ཏ་ས་ཧ་ལ།དམ་མ།མ་ཐཱ་མ་ཐ།བྲྀངྒ་ན་ས་ཡཱཾ།པདྨཱ་ན་ས་ཡཾ་སརྦྦ་ཤ་ཏྲུན་ཏཱ་ར་མ་ཏི།བི་མ
179b7 ལེ།པཱུ་ར་ཡ་མཱུ་ར་ཡ།པྱ་ཏིད་ཛྙོད།སརྦ་དུད་དྷ་བ་རྱ་བ་སིད་ཏི།བྷ་ག་བ་ཏ་ག་ན་ག་ན།ཎེ་ཏི་ཛ་ཧཾ།བི་མས་ནི།ཀྲ་མ་ཎི།དྷ་བ་ནི།དྷ་བི་ན་ར་མ།ཎིམྦ་ཏང་གི་གེ་སྲྀཧཱ།བཅོམ
iiif viewer powered by OpenSeadragon
179a - 180a