| | e-texts navigator
|
172a1 བཟློག་པར་འགྱུར།།རྨྱ་བྱའི་སྙིང་པོ་རིག་པ་དང་བཅས་པ་རྫོགས།།།རྒྱུ་གར་སྐད་དུ།ཨཱརྱཱ་ཨཱ་གྲ་པྲ་དྷི་བ་དྷཱ་རཱ་ཎཱི་དྷཱནཎཱ།བོད་སྐད་དུ།འཕགས
172a2 པ་རིག་སྔགས་ཀྱི་རྒྱལ་མོ་སྒྲོན་མ་མཆོག་གི་གཟུངས།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།།འདི་སྐད་བདེག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན
172a3 འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཆོལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་།ལྷ་དང་མི་འབུམ་ཕྲག་དུ་མ
172a4 དང་།བྱང་ཆུབ་སེམས་དཔའ་འབུམ་ཕྲག་དུ་མ་དང་ཐབས་གཅིག་ཏུ་བཞུགས་ཏེ།ཡོངསུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ།།སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི
172a5 ཞིང་བྱེ་བོ་བརྒྱ་ཕྲག་འདས་པ་ན་འཇིག་རྟེན་གྱི་ཁམས་མེ་ཏོག་མཐའ་ཡས་ཤེས་བྱ་བ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲོལླ་མཆོག་ཅེས་བྱ།
172a6 བ་དེ་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་དེས་བྱང་ཆུབ་སེམས་དཔའ་འོད་ཆེན་པོ་དང་།འོད་དཔག་མེད་ཅེས་བྱ་བ་བྱང་ཆུབ་སེམས་དཔའ་གཉིས་འཇིག་རྟེན་གྱི་ཁམས
172a7 མི་མཛད་འདིར་བཏང་ངོ་།།དེ་ནས་བྱང་ཆུབ་སེམས་དཔའ་དེ་གཉིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རོ་བ་གཽ་ལ་བ་དང་།བཅོམ་ལྡན་འདས་དེ་བཞིན་གཤེགས།
iiif viewer powered by OpenSeadragon
171b - 172b