e-texts navigator
Collection
Volume
Page
Wylie

170b1 འདས་ཀྱིས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལ་ལེག་སོ་ཞེས་བྱ་བ་བྱིན་ཏེ།རྒྱལ་པོ་ཆེན་པོ་ལེགསོ་ལེགས།།སེམས་ཅན་ཆེན་པོ་ཁྱོད་འཇིག་རྟེན་ཐམས་ཅད་ལ་ཕན་པ་དང་།འཇིག་རྟེན་ཐ~ཾད
170b2 ལ་བདེ་བ་དང་།སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་དང་།བསྟན་པ་བསྲུང་བའི་ཕྱིར་ཞུས་པ་ཡང་ལག་སོ།།རིག་སྔགས་ཀྱི་རྒྱལ་མོ་ཚན་མོ་རྒྱལ་བ་ཅན་འདི་གང་ཡོངསུ་སྐྱབ་པ་དང་།
170b3 ཡོངསུ་བཟུང་བ་དང་།ཡོངསུ་བསྐྱང་བ་བྱས་པ་དེའི་ལུས་ལ་མཚོན་དང་།དུག་དང་།བྱད་དང་།།གསོད་བྱེད་དང་།རིམས་དང་།གདོན་ཐམས་ཅད་ཀྱི་མི་ཚུགས་པོར་འགྱུར།།
170b4 རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ནི་དེ་བཞིན་གཤེགས་པའི་ཕྱག་རྒྱས་བཏབ་པོའོ།།ལག་ན་རྡོ་རྗེ་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་བཟུང་ཞིག།ཚེངས་ཤིག།
170b5 ཀུན་ཆུབ་པར་གྱིས་ཤིག།ལག་ན་རྡོ་རྗེ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་དམ་པོའི་ཆོས་རབ་ཏུ་རྣམ་པར་འཇིག་པའི་དུས་ན།སེམས་ཅན་དྲག་ཤུལ་ཅན་དང་ལྡན་པ།ཤིན་ཏུ་མི་བཟད་པ་མདདྲ
170b6 འཕྲོག་པའི་གནོད་སྦྱིན་དང་།སྲིན་པོ་རྣམས་དང་།ཆོས་མ་ཡིན་པ་སྤྱོད་པའི་རྒྱལ་པོ་འབྱུང་བར་འགྱུརརོ།།ཚེ་ཐུང་བ་ཆོས་མ་ཡིན་པས་ཡུལ་འཁོར་སྐྱོང་བ་འབྱུང་བ་དེའི་ཚེ།རིག
170b7 སྔགས་ཀྱི་རྒྱལ་མ་རྒྱལ་བ་ཅན་འདིས་སེམས་ཅན་མི་མཉམ་པ་དང་།སེམས་ཅན་མི་བཟད་པ་དེ་དག་དང་།སྡང་བ་དང་ན་རབ་ཏུ་སྡང་བའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འགྱུར།།




iiif viewer powered by OpenSeadragon

170a - 171a

Texts on this page

N505 - 'phags pa rgyal ba can zhes bya ba'i gzungs