e-texts navigator
Collection
Volume
Page
Wylie

168b1 དཱམྦྷ།སུས་ལ་བཏགས་ཏེ་འཆ་བ་ཞིད་དེ་ལ་སྤོས་དང་།ཕྱུང་བ་དང་།བྱུག་པ་དང་།མེ་ཏོག་སྣ་ཚོགས་ཀྱི་ལྷང་ལྟུང་གྱི་སྨ་བྷཱུ་སྟང་དུ་བྱེད།རྨ་མར་བྱེད་།རི་མོར་བྱེད་།མཆད་པར་བྱེད།
168b2 མེའི་རྒྱལ་པོ་དེ་ལ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གནོད་སྦྱིན་ཕྱི་བཞིན་འབྲང་བ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་སྲུང་བར་འགྱུརརོ།།མིའི་རྒྱལ་པོ་དེ་ལོ་ཕྱིར་རྒོལ་བ་དང་།
168b3 དགྲ་དོང་ཕ་རོལ་གྱི་དམག་ཚོགས་ཐམས་ཅད་ཀྱིས་གླགས་མོ་རྙེདོ།།མཐུས་ཡུལ་དེར་འཇུག་པ་དང་།བགེགས་འཇུག་ན་ཡང་།རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་བགེགས་སྣ་ཚོགས་བརྒྱ
168b4 དང་།བགེགས་སྣ་ཚོགས་སྟོང་བྱེད་པར་མི་འགྱུར་རོ།།མིའི་རྒྱལ་པོ་གང་དང་གང་དུ་འགྲོ་བ་དེ་དང་དེར་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་མདུན་དུ་བསྐུར
168b5 བར་བྱའོ།།གང་དུ་གཡུལ་ངེར་འཇུག་གམ།དགྲ་ཆེན་པོ་དང་འཐབ་པ་དེར་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་མགུལ་དུ་བཏོགས་ཏེ།གཡུལ་ངར་ཞུགས་ན་དེར་རྒྱལ་པ
168b6 ཆེན་པོ་རྣམ་ཐོས་ཀྱི་བུས་ཕ་རོལ་གྱི་དམག་ཆགས་དེ་ཕམ་པར་བྱེད་པར་འགྱུ་རོ།།དེར་ནི་རྒྱལ་བར་བྱེད་པར་འགྱུར་རོ།།རིག་སྔགས་ཀྱི་རྒྱལ་མཚན་མོ་རྒྱལ་བ་ཅན་འདི་སུའི་མགུལ་དུ
168b7 བཏགས་པ་དེ་རྒྱལ་བར་འགྱུར།།ལག་ན་རྡོ་རྗེ་གྲོང་ངམ།གྲོང་ཁྱེར་ངམ།གྲོང་རྡལ་ལམ།ལྗོངས་སམ།རྒྱལ་པོའི་ཕོ་བྲང་འཁོར་གང་དུ་གལ་ཏོ་ནད་འགོ་བ་སྣ་ཚོགས་བྱུང་ན།




iiif viewer powered by OpenSeadragon

168a - 169a

Texts on this page

N505 - 'phags pa rgyal ba can zhes bya ba'i gzungs