e-texts navigator
Collection
Volume
Page
Wylie

168a1 ངམ།གྲོང་ཁྱེར་རམ།གྲོང་རྡལ་ལམ།གཙུག་ལག་ཁང་ངམ།གནས་ཁང་ངམ།འཆག་ས་ན་སྤྱོད་པར་འགྱུར་བ་དེར་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཚོགས
168a2 ཀྱི་གཡོག་དང་བཅས་པར་གྲོང་ངམ།གྲོང་ཁྱེར་རམ།གྲོང་རྡལ་ལམ།ཡུལ་དེར་བསྲུང་བར་འགྱུརརོ།།ཡུལ་དེར་ཕ་རོལ་གྱི་དམག་ཚོགས་ཀྱིས་གནོད་པར་མི་འགྱུར།།ས་ཕྱོགས
168a3 མི་ངས་མི་འབྱུང་།།དགྲ་མི་འབྱུང་།།རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གནོད་སྦྱིན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྱི་བཞིན་འབྲང་བ་དང་ལན་ཅིག་དར་བསྲུང་།།ཡོངསུ་སྐྱོབ།
168a4 ཡོངསུ་འཛིན་ཏོ།།ཞི་བ་དང་བདེ་ལེག་སུ་འགྱུར་བ་བྱེད།།ཆད་པ་སྤོང་ངོ་།མཚོན་ཆ་སྤོང་།།དུག་གསོད།།མི་མཛའ་བ་འགོག།མཚམས་གཅོད།།ས་བཅིང་།།ཏདྱ་ཐཱ།ཏ་པ
168a5 ནི་ཏ་པ་ནི།པྲ་ཏ་པ་ནི།དྷུ་རུ་མཻ་དྷུ་རུ་མ།བུད་དྷ་ཨ་དྷིཥྚེ་ཏཾ།མུ་ཁཾ་སུ་མུ་ཁེ།སུ་མུ་ཁེ།སྥ་ལ་པྲ་ཏི།ས་མྦྷ་ཧི་ཏེ།ས་མ་དྷི་གརྠེ།མ་ན་སི།ཕུ་རུ་ཕུ་རུ་ཕུ་རུ།དྷུ་རུ་བུད་དྷ།
168a6 མཱ་ན་སི་ཀ་སྭཱ་ཧཱ།ལག་ན་རྡོ་རྗེ་འདི་དག་ནི་དེ་བཞིན་གཤེགས་པས་སྤྱི་བོ་ནས་དབང་བསྐུར་བའོ།།གསང་བའི་གནས།།དེ་བཞིན་གཤེགས་པ་ཐ~ཾད་ཀྱི་གསང་བའོ།།དེ་བཞིན་ག
168a7 པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའོ།།ལག་ན་རྡོ་རྗེ་མིའི་རྒྱལ་པོ་གང་ལ་ལ་ཞིག།རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་གླེགས་བམ་ལ་ལེགས་པར་བྲིས་ཏེ།འཆང




iiif viewer powered by OpenSeadragon

167b - 168b

Texts on this page

N505 - 'phags pa rgyal ba can zhes bya ba'i gzungs