e-texts navigator
Collection
Volume
Page
Wylie

153a1 པའོ།།སྦྱོར་བ་རྒྱ་ཆེན་འགྲུབ་པ་དང་།།མངོན་ཤེས་དྲུག་པ་ཡོད་ས་རྒྱུ་ཞིང་།།སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལྕི།།ཕྱག་རྒྱ་ཆེན་པོ་ཐོབ་འགྱུར་ན།།ལྟས་མཐོང
153a2 ཙམ་ལ་སོགས་པ་ཡི།།དངོས་གྲུབ་ཕྲ་མོ་སྨོས་ཅི་དགོས།།སྔགས་ཀྱི་སྦྱོར་བ་བསྐྱེད་པའི་ལྷོ།།དམིགས་པའི་རྩེ་བར་གྱུར་པ་ཡི།།ཧཱུ~ཾ་ལས་སྐྱེས་པའི་ལྷ་མོ་ནི།།སྔོན་མོ་ཞལ་གསུམ
153a3 ཕྱག་དྲུག་མ།།གཡས་པ་སེར་ཞིང་གཡོན་པ་དམར།།སྤྱན་གསུམ་སྡོང་མིག་ཁྲི་གཉེར་ཅན།།དམར་སར་གྱེན་སྐྲ་ཐོད་པས་རྒྱན།།རུས་པའི་རྒྱན་གྱིས་སྤྲས་ཤིང་འགྱིང་།།
153a4 ཐོད་པའི་ཕྲེང་ཅན་ཀླུ་ཡིས་བརྒྱན།།ཞབས་གཉིས་བརྐྱང་བསྐུམ་རོ་ལ་བརྫིས།།ཕྱག་དྲུག་གཡས་ཀྱི་དང་པོ་ན།།རྡོ་རྗེ་གཉིས་པས་གྲི་གུག་སྟེ།།གསུམ་པས་སྦྲུལ་གྱི་ཞགས
153a5 པ་འཛིན།།གཡོན་གྱི་དང་པོ་བསྡིགས་མཛུབ་སྟེ།།གཉིས་པས་ཐོད་པ་གསུམ་པ་ན།།སྦྲུལ་གྱི་ཞགས་པ་དཀར་པོའོ།།ཡང་ན་ཞལ་ཀུན་སྔོ་སངས་ཉིད།།འདིས་ནི་འཆང
153a6 དང་དབང་གི་ལས།།མཐའ་དག་རྫོགས་པར་བྱེད་པའོ།།སྲིད་པར་བྲམ་ཟེ་ལས་སྐྱེས་ལྷ་མོ་ནི།།སྔོན་མོ་ཞལ་གཅིག་ཕྱག་གཉིས་མ།།ཕྱག་གཡས་རྡོ་རྗེ་གཡོན་ལྕག་སྒྲོབ།
153a7 གཅེར་བུ་རུས་པའི་རྒྱན་ལྡན་པ།།བསད་པའི་ལོས་རྣམས་ཐམས་ཅད་ནི།།རྡོ་རྗེ་རྣལ་འབྱོར་མ་འདས་སྒྲུབ།།དེ་ནས་པོ་ཙམ་ལྡན་རྡོ་རྗེ་ཅན།།ཆོས་རྣམས་ཐམས་ཅད་འབྱུང




iiif viewer powered by OpenSeadragon

152b - 153b

Texts on this page

N500 - 'phags ma rdo rje lu gu rgyud ma'i rgyud kyi rtog pa