e-texts navigator
Collection
Volume
Page
Wylie

152b1 ཡང་ན་ཞངས་བཞིས་བདུད་བཞི་མནན།།ཞལ་ཀུན་སྔོ་ཞིང་ཁྲོ་གཏོར་ཅན།།དམར་སོར་གྱོན་སྒྲ་ཐོད་ཕྲེང་ཅན།།རྡོ་རྗེས་ལུས་རྒྱན་ན་མཁའི་མདོག།བཅུ་གཉིས་ཕྱག་སྟེ་གཡས་པ
152b2 ན།།རྡོ་རྗེ་ཞགས་པ་མདའ་གསོར་ཞིང་།།སྦྲུལ་དང་དགྲ་སྟ་གྲི་གུག་འཛིན།།གཡོན་པ་དྲིལ་བུ་བསྡིགས་མཛུབ་གཞུ།།དབྱིག་པ་རྩེ་གསུམ་ཐོ་བའོ།།ཡང་ན་ཕྱག་དྲུག་གཡས་དང
152b3 པོས།།རྡོ་རྗེ་གཉིས་པས་ལྕགས་སྒྲོག་སྟེ།།གསུམ་པས་མདའ་ནི་གསོར་བར་བྱེད།།གཡོན་གྱི་དང་པོས་བསྡིསྔགས་མཛུད་སྟེ།གཉིས་པ་སྦྲུལ་ཞགས་འཛིན་པའོ།།གསུམ
152b4 པས་གཞུ་སྟེ་འགེངས་པའི་ཚུལ།།རྡོ་རྗེ་ལུ་གུ་རྒྱུད་མ་ཡི།།བསམ་གཏན་ཏིང་འཛིན་ལ་གནས་ན།།ཡོན་ཏན་ཀུན་གྱི་བདག་ཉིད་ཀྱི།།སྔགས་ཀྱུ་རྩེ་བར་འགྱུར་བའོ།།སྔགས་ཀྱི
152b5 བདག་ཉིད་ཡོངས་སུ་བསྐྱེད།།ལྷ་ཡི་རང་བཞིན་སྒྲུབ་པ་ཡི།།རིན་ཆེན་གཟུངས་ཀྱི་ཕྲེང་བས་ནི།།ཆེས་རྣམས་མཐའ་དག་ཐོབ་འགྱུར་ཏེ།།རལ་གྲི་མིག་སྨན་རིལ་བུ་དང་།།རྐང་པ
152b6 བྱུགས་དང་གཏེར་ཆེན་དང་།།ས་འོག་འགྲོ་དང་བཅུད་ལེན་དང་།།ན་མཁར་འགྲོ་དང་གསེར་སྐྱར་དང་།།དེ་བཞིན་ས་གཞན་འགྲོ་བ་དང་།།ཞི་དང་རྒྱས་དང་དབང་མངོན་སྤྱད།།
152b7 རྨོངས་དང་རེངས་དང་པསྐྲད་པ་དང་།།དབྱེ་དང་དགུག་དང་རིག་སྔགས་འཆང་།།སྲུང་དང་ཕྱིར་ཟློག་ཆེན་པོ་དང་།།ཞྭ་དང་སྦུགས་དང་སེམས་བརྒྱལ་དང་།།ལོང་དང་སྣ་ཚོགས་ནད་སྐྱེད




iiif viewer powered by OpenSeadragon

152a - 153a

Texts on this page

N500 - 'phags ma rdo rje lu gu rgyud ma'i rgyud kyi rtog pa