| | e-texts navigator
|
151a1 ཐམས་ཅད་ཀྱང་།།སྔགས་ཀྱི་སྦྱོར་བས་སྤེལ་བར་བྱེད།།གནོད་བྱས་རྣམས་ནི་གནོད་མེད་བྱེད།།གནོད་མེད་གནོད་དང་ལྡན་བྱེད་ཅིང་།།སྦྱོར་བ་ཡང་ནི་སྦྱོར་བ
151a2 འགས།།གཞན་གྱི་སྦྱོར་བ་འཆིང་བར་བྱེད།།རྡོ་རྗེ་ལུ་གུ་རྒྱུད་ཀྱི་རྟོག་པ་ལས་གསང་སྔགས་བསྟན་པའི་ལེ་ལུ་སྟཽ་དང་པོའོ།།།།དེ་ནས་འདིར་ནི་བཤད
151a3 བྱ་བ།མཛེས་མ་རྡོ་རྗེ་ཁྲོ་མོ་ཡི།།ལྷ་ཡ་ཏིང་འཛིན་སྦྱོར་བ་རྣམས།།ཐིག་ལེ་ཆེན་མོས་མཉན་པར་གྱིས།།ོཾ་བཛྲ་ཤྲྀ་ཁ་ལེ།ཱཏྨ་རཀྵ་དཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ།གས
151a4 སྔགས་འདི་ནི་བསྲུང་བ་དང་།།ཐ་མལ་རྟོག་པའི་ལུས་སྦྱོང་བྱེད།།སྙིང་ཀར་ཟླ་སྟེང་ཧཱུ~ཾ་ཡིག་གི།འོད་ཀྱིས་རིགས་ཀྱི་གཙོ་མོ་དང་།།བླ་མི་སངས་རྒྱས་སྤྱན་དྲངས་ནས།
151a5 མདུན་དུ་ལེགས་པར་དམིགས་ནས་ནི།།སྙིང་ཀ་ས་བོན་འོད་རྗེ་ལས།།མེ་ཏོག་སོགས་འཛིན་ལྷ་མོས་མཆོད།།གཟུགས་སོགས་རྡོ་རྗེ་མ་རྣམས་ཀྱིས།།འདུད་ཅིང་སོ་སོར་ལེགས
151a6 པར་མཆོད།།ཐོག་མ་མེད་པའི་སྲིད་རྒྱུད་ནས།།ལུས་ངག་ཡིད་ཀྱིས་སྤྱད་པ་ཡི།།སྡིག་པའི་ཚོགས་རྣམས་མ་ལུས་ཀུན།།བགྱིས་དང་བགྱིད་དུ་སྤྲུལ་པ་དང་།།བགྱིད་ལ་རྗེ་སུ་ཡི
151a7 རང་བ།།སྡིག་པའི་ཚོགས་རྣམས་མ་ལུས་ཀུན།།ཐམས་ཅད་སོ་སོར་བཤགས་པར་བགྱི།།སླན་ཆད་མི་བགྱིད་སྡོམ་པ་ཡང་།།རྒྱ་ཆེན་བདག་གིས་བཟུང་བར་བྱ།།རྒྱལ་བ
iiif viewer powered by OpenSeadragon
150b - 151b